བབས་གནས།  དབུ་ངོས།སྐབས་དོན། གསར་འགྱུར། → རྒན་ཉི་མ་བཀྲ་ཤིས་ལགས་ཆ་འཕྲིན་ལག་རྩལ་བེད་སྤྱད་དེ་གནའ་བོའི་བོད་ཀྱི་རིག་གནས་ཁྱབ་སྤེལ་བྱེད་པར་བྲེལ་བ།

རྒན་ཉི་མ་བཀྲ་ཤིས་ལགས་ཆ་འཕྲིན་ལག་རྩལ་བེད་སྤྱད་དེ་གནའ་བོའི་བོད་ཀྱི་རིག་གནས་ཁྱབ་སྤེལ་བྱེད་པར་བྲེལ་བ།

ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། སྤེལ་དུས། 09-24ཀློག་གྲངས།
     
   བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་འཁོར་ཆེད་ལས་ཀྱི་དགེ་རྒན་ཆེན་མོ་ཉི་མ་བཀྲ་ཤིས་ཀྱིས་དྲ་བའི་འཕྲིན་གཏོང་སྒྲིག་ཆས་ཚོད་ལྟ་བྱེད་བཞིན་པ།
 
        བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་འཁོར་ཆེད་ལས་ཀྱི་དགེ་རྒན་ཆེན་མོ་ཉི་མ་བཀྲ་ཤིས་ནི་བོད་ཡིག་སྒྲིག་ཨང་ཚད་ལྡན་གཏན་འབེབས་བྱེད་པའི་གདོང་ལེན་པ་ཞིག་ཡིན་ལ། ཁོང་གིས་1997ལོའི་ཟླ7པར་སྒྲིག་བཟོ་གནང་བའི《བོད་ཡིག་སྒྲིག་ཨང་ཡིག་རྟགས་ཚོགས་སྤྱི་ལས་ཆ་འཕྲིན་བརྗེ་སྤྱོད་བྱེད་པ》ཞེས་པ་རྒྱལ་སྤྱིའི་ཚད་ལྡན་ཅན་རྩ་འཛུགས་ཀྱི་ཞིབ་བཤེར་གོ་རིམ་བརྒྱུད་དེ་རྒྱལ་སྤྱིའི་ཚད་གཞི་རུ་གཏན་འཁེལ་བྱས་པར་བརྟེན།  བོད་ཡིག་ནི་རང་རྒྱལ་དུ་ཐོག་དང་པོར་ཆ་འཕྲིན་བརྗེ་སྤྱོད་སྒྲིག་ཨང་རྒྱལ་སྤྱིའི་ཚད་གཞི་སྒྲིག་བཟོ་ལེགས་འགྲུབ་བྱུང་བའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་རུ་གྱུར། འདིས་རང་རྒྱལ་ལ་རྒྱལ་སྤྱིའི་བོད་ཡིག་སྒྲིག་ཨང་ཚད་གཞི་གཏན་འབེབས་ཀྱི་ཁྱབ་ཁོངས་སུ་གཙོ་ཁྲིད་ཀྱི་གོ་གནས་ཟིན་པར་བྱས།
ཁོང་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གི་རྨང་འདིང་མཁན་ཡིན་པའི་ཆ་ནས། ཁོས1992ལོར་བོད་ལྗོངས་སུ་ཐོག་དང་པོར་དངོས་སྤྱོད་ལྡན་པའི“TCEབོད་རྒྱ་དབྱིན་གསུམ་གྱི་ཆ་འཕྲིན་དག་སེལ་མ་ལག”ཚན་ཞིབ་སྔོག་འདོན་བྱས།  དེ་མིན་རིག་ལྡན་འགུལ་སྤོ་ཁ་པར་ཉེར་སྤྱོད་མ་ལག་རྨང་གཞི་བྱས་པའི་བོད་ཡིག་མཉེན་ཆས་ཐུམ་ཉིད་ཚན་ཞིབ་སྔོག་འདོན་བྱས་ཏེ་བོད་ཡིག་འགུལ་སྤོ་ཁ་པར་གྱིས་ཉེར་སྤྱོད་མ་ལག་མང་པོ་མངོན་འགྱུར་བྱེད་མི་ཐུབ་པ་དང་། འཕྲུལ་རྟགས་མང་པོ་ཁེབས་པའི་ལག་རྩལ་དཀའ་ཁག་སོགས་ཐག་གཅོད་བྱས།
        ཉེ་ལམ། ཁོང་གིས་བོད་རྒྱའི་ལག་འཁྱེར་འཕྲུལ་ཆས་ལོ་ཙཱའི་གལ་ཆེའི་ལག་རྩལ་དང་། བོད་ཡིག་བརྡ་སྤྲོད་སྦྱོར་ཀློག་རྣམ་པའི་སྐད་རིགས་གསལ་འབྱེད་སོགས་བོད་ཡིག་ཆ་འཕྲིན་ལག་རྩལ་ཁྱབ་ཁོངས་ཀྱི་ཞིབ་འཇུག་བྱེད་མགོ་བརྩམས་ཤིང་། དེང་རབས་ཆ་འཕྲིན་ལག་རྩལ་སྤྱད་དེ་གནས་བོའི་བོད་ཀྱི་རིག་གནས་ཁྱབ་སྤེལ་བྱེད་པར་གཞུང་ལུགས་ཀྱི་རྨང་འདིང་བཞིན་ཡོད།
                         
                                                      རྒན་ཆེན་མོ་ཉི་མ་བཀྲ་ཤིས་ལགས་དང་ཁོང་གི་ལས་རོགས་རྣམས། 
སྤེལ་མཁན། ཚེ་རིང་དོན་གྲུབ།   རྩོམ་འགན། ཚེ་མགོན།

རྒྱབ་སྐྱོར།

སྣང་མེད་གཏོང་བ།

བོད་ཡིགི་ཆེད་དུ་བཀའ་དྲིན་ཆེའོ།

扫码支持
བཤེར་རིས་ནས་དངུལ་ལོ་ཅི་ཚོད་ཅིག་སྟེར་བ།

打开支付宝扫一扫,即可进行扫码打赏哦

གོངགི་བཤེར་རིས་ནས་འཐབ་ར་འདིར་རྒྱབ་སྐྱོར་གནང་བ།

ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།

CopyRight © 2011-2021 BODYIG.NET 【མཉེན་ཆས་གླིང་།】 | 陇ICP备15003445-10 | 甘公网安备 662302702270019号

ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག