བབས་གནས།  དབུ་ངོས།སྐབས་དོན། ཤེས་བྱ། → ༄༅།། ལེགས་སྦྱར་སྒྲ་རིག་པའི་དྲིས་ལན་ལྔ་བཅུ་བ་སྐལ་བཟང་འཇུག་ངོགས་ཞེས་བྱ་བ།

༄༅།། ལེགས་སྦྱར་སྒྲ་རིག་པའི་དྲིས་ལན་ལྔ་བཅུ་བ་སྐལ་བཟང་འཇུག་ངོགས་ཞེས་བྱ་བ།

ཡོང་ཁུངས། བོད་ལྗོངས་རིག་གནས་དྲ་བ། རྩོམ་པ་པོ། སྒྲོལ་དཀར་ཚེ་རིང་། རིན་ཆེན། སྤེལ་དུས། 09-04ཀློག་གྲངས།

         སྔོན་བྱོན་སྒྲ་བ་རྣམས་ལ་གུས་པས་འདུད། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
                              བདག་བློ་སྒྲ་ལ་གོམས་པར་བྱིན་གྱིས་རློབས། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
                              སྒྲ་རིག་རྒྱ་མཚོའི་འཇིངས་ལས་ཉེར་མཁོའི་བཅུད། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
                              དྲི་བ་དྲིས་ལན་ཚུལ་དུ་མདོ་ཙམ་དགོད། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden

ལེགས་སྦྱར་གྱི་དབྱངས་དང་གསལ་བྱེད་ཡི་གེའི་ངོས་འཛིན་བཤད་པ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden

༡ ལེགས་སྦྱར་ལ་དབྱངས་ཀྱི་ཡི་གེ་དུ་ཡོད།  ཁྱོད་ཀྱིས་དེ་དག་རེ་རེ་བཞིན་ངོས་འཛིན་བྱེད་ནུས་སམ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ལེགས་སྦྱར་ལ་དབྱངས་ཡིག་བཅུ་དྲུག་ཡོད་ཅིང་།  དེ་དག་ནི།  ཨ ཨཱ  ཨི ཨཱི  ཨུ ཨཱུ རྀ རཱྀ ལྀ ལཱྀ  ཨེ ཨེེ  ཨོ ཨོོ  ཨཾ  ཨཿབཅས་སོ། །  གཞན་ཡང་ཨཾ  ཨཿགཉིས་ཕྲི་རྗེས་སུ་དབྱངས་ཡིག་ བཅུ་བཞིདབྱངས་ཅན་སྒྲ་མདོའི་ལུགསརུའང་བཤད།  ལཱྀ་རིང་བོར་མི་བཞེད། ༼ཨཾ༽Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༢  ལེགས་སྦྱར་གྱི་དབྱངས་བཅུ་དྲུག་ལས་ཐུང་ངུའི་དབྱངས་ཡིག་ནི་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཨ  ཨི  ཨུ  རྀ  ལྀ་བཅས་ལྔ་ནི་ཐུང་ངུའི་དབྱངས་ཡིག་གོ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༣  ལེགས་སྦྱར་གྱི་དབྱངས་བཅུ་དྲུག་ལས་རིང་པོའི་དབྱངས་ཡིག་ནི་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཨཱ  ཨཱི  ཨཱུ  རཱྀ  བཅས་བཞི་ནི་རིང་པོའི་དབྱངས་ཡིག་གོ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༤  མཚམས་སྦྱོར་གྱི་ཡི་གེ་དུ་ཡོད།  ཁྱོད་ཀྱིས་དེ་དག་གི་མཚམས་སྦྱོར་ཚུལ་ཤེས་སམ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཨེ་ཨེེ་ཨོ་ཨོོ་བཞི་ནི་མཚམས་སྦྱོར་གྱི་ཡི་གེའོ། །  དེ་དག་གི་མཚམས་སྦྱོར་ཚུལ་ནི། ཨ་དང་ཨི་མཚམས་སྦྱར་བ་ལས་ཨེ་ཡིག་འབྱུང་བ་དང་།  ཨ་དང་ཨེ་མཚམས་སྦྱར་བ་ལས་ཨེེ་ཡིག་འབྱུང་། ཨ་དང་ཨུ་མཚམས་སྦྱར་བ་ལས་ཨོ་ཡིག་འབྱུང་། ཨ་དང་ཨོ་མཚམས་སྦྱར་བ་ལས་ཨོོ་ཡིག་འབྱུང་བ་སོགས་སོ། ། ཡང་ན། ཨ་ཨི་ལ་ཨེའོ། །  ཨ་ཨུ་ལ་ཨོའོ། །  ཨེ་དང་ཨེེ་ལ་ ཨེེའོ། །  ཨོ་དང་ཨོོ་ལ་ཨོོའོ། །  ཞེས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༥  རྗེས་སུ་ང་རོ་ཞེས་པའི་ཡི་གེ་ནི་གང་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཡི་གེ་མགོ་ཐོག་གི་ཀླད་ཀོར་དེ་ལ་རྗེས་སུ་ང་རོ་ཞེས་བྱ་སྟེ།  དཔེར་ན་ཨཾ་གྱི་ཐོག་གི་ ཀླད་ཀོར་དེ་ནི་རྗེས་སུ་ང་རོའོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༦  རྣམ་བཅད་ཅེས་པ་ནི་གང་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  རྣམ་བཅད་ཅེས་པ་ནིཿའདི་ལ་ཟེར་ཏེ། དཔེར་ན་ཨཿཞེས་པའིཿནི་རྣམ་བཅད་ཅེས་པའོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༧  ལེགས་སྦྱར་ལ་གསལ་བྱེད་ཀྱི་ཡི་གེ་དུ་ཡོད། ཁྱོད་ཀྱིས་དེ་དག་རེ་རེ་བཞིན་ངོས་འཛིན་བྱེད་ནུས་སམ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ལེགས་སྦྱར་ལ་གསལ་བྱེད་ཀྱི་ཡི་གེ་སོ་བཞི་ཡོད་ཅིང་།  དེ་དག་ནི།  ཀ་ཁ་ག་གྷ་ང་།  ཙ་ཚ་ཛ་ཛྷ་ཉ།  ཊ་ཋ་ཌ་ཌྷ་ཎ།  ཏ་ཐ་ད་དྷ་ན།  པ་ཕ་བ་བྷ་མ།  ཡ་ར་ལ་ཝ།  ཤ་ཥ་ས་ཧ།  ཀྵ་ བཅས་སོ། །  ཡང་ན།  ཧ་ཡ་ཝ་ར་ལ།  ཉ་ཎ་ན་ང་མ།  ཛྷ་ཌྷ་དྷ་གྷ་བྷ།  ཛ་ཌ་ད་ག་བ།  ཁ་ཕ་ཚ་ཋ་ཐ།  ཙ་ཊ་ཏ་ཀ་པ། ཤ་ཥ་ས་བཅས་ལ་གསལ་བྱེད་ཀྱི་ཡི་གེ་སོ་གསུམ་དང་།  མཐར་ཟད་ཀྱི་ ཡི་གེ་ཀྵ་ཡིག་བསྣན་པས་གསལ་བྱེད་ཀྱི་ཡི་གེ་སོ་བཞིའོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༨  ཀུ་ཙུ་ཊུ་ཏུ་པུ་ལྔས་རང་གི་སྡེ་ཚན་གྱི་ཡི་གེ་གང་དག་མཚོན་ནམ།  དེ་ལ་དབྱངས་ཨུ་ཡིག་ སྲོག་ཏུ་སྲོག་ཏུ་ཞུགས་དགོས་དོན་ག་རེ་ཡིན་ནམ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཀུས་ཀ་ཁ་ག་གྷ་ང་དང་། ཙུས་ཙ་ཚ་ཛ་ཛྷ་ཉ་དང་། ཊུས་ཊ་ཋ་ཌ་ཌྷ་ཎ་དང་།  ཏུས་ཏ་ཐ་ད་དྷ་ན་དང་། པུས་པ་ཕ་བ་བྷ་མ་བཅས་མཚོན་ནོ། ། དེ་ལ་དབྱངས་ཨུ་ཡིག་ སྲོག་ཏུ་ཞུགས་དགོས་དོན་ནི་རང་རང་གི་སྡེ་བའི་ཡི་གེ་ལྔ་བོ་ཡོངས་སུ་གཟུང་བར་བྱ་བའི་ཕྱིར་རོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༩  ལེགས་སྦྱར་གྱི་གསལ་བྱེད་སོ་བཞི་ལས་མཐར་གནས་ཀྱི་ཡི་གེ་བཞི་ནི་གང་དག་ཡིན།  དེ་དག་ནི་གང་གི་མཐར་གནས་སུ་བཞག་པ་ཡིན་ནམ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཡ་ར་ལ་ཝ་བཞི་ནི་མཐར་གནས་ཀྱི་ཡི་གེ་ཡིན་ལ། ཡ་ནི་ཀ་ཙའི་མཐའ་དང་།  ར་ནི་ཊའི་མཐའ་དང་། ལ་ནི་ཏའི་མཐའ་དང་། ཝ་ནི་པའི་མཐའ་བཅས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༡༠  ལེགས་སྦྱར་གྱི་གསལ་བྱེད་སོ་བཞི་ལས་དྲོ་བའི་ཡི་གེ་བཞི་ནི་གང་དག་ཡིན།  དེ་ལ་དྲོ་བའི་ཡི་གེ་ཟེར་དོན་ག་རེ་ཡིན་ནམ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཤ་ཥ་ས་ཧ་བཞི་ནི་དྲོ་བའི་ཡི་གེ་ཡིན་ཏེ།  དབུགས་དྲོ་བར་བྱ་བའི་ཕྱིར་རོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༡༡  ལེགས་སྦྱར་གྱི་གསལ་བྱེད་སོ་བཞི་ལས་མཐར་ཟད་ཀྱི་ཡི་གེ་གཅིག་ནི་གང་ཡིན།  དེ་ལ་མཐར་ཟད་ཀྱི་ཡི་གེ་ཟེར་དགོས་དོན་ག་རེ་ཡིན་ནམ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཀྵ་ལ་མཐའ་ཟད་ཀྱི་ཡི་གེ་ཞེས་བྱ་སྟེ།  ཡི་གེ་ཐམས་ཅད་ཀྱི་ཟད་མཐར་གནས་པའི་ཕྱིར་རོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༡༢  ལེགས་སྦྱར་ཡི་གེ་དང་ལེགས་སྦྱར་སྒྲ་རིག་པའི་སྐོར་མདོ་ཙམ་གསུང་རོགས་གནང་།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན། སཾསྐྲྀ་ཏའི་སྐད་དེ་ལེགས་སྦྱར་སྐད་ནི་རྒྱ་གར་དང་ཡོ་རོབ་སྐད་ཁྱིམ་ནང་གི་སྐད་རིགས ་སྔ་ཤོས་ཤིག་ཡིན་ཞིང་།  དེ་ནི་ཧ་ལམ་སྤྱི་ལོ་སྔོན་གྱི1500ལོ་ནས་སྤྱི་ལོ་སྔོན་གྱི1200ལོར་གྲུབ། ལེགས་སྦྱར་ཡི་གེ་ནི་རྒྱ་གར་གནའ་བོའི་དུས་སུ་བྱུང་ཞིང་། སྤྱི་ལོ་དུས་རབས7པའི་ནང་ཙམ་ལ་དར་བའི་ནཱ་ག་རའི་ཡི་གེ། དུས་རབས11པའི་ནང་དེ་རྨང་གཞི་ལས་འཕེལ་བའི ་ད་ལྟའི་འཕགས་ཡིགདེ་ཝ་ན་ག་རའི་ཡི་གེའམ། ཧིན་རྡུ་ཡི་གེར་གྲགས་པ་དེ་ཉིད་གཞུང་ སྤྱོད་ཀྱི་ཡི་གེར་གཏན་འབེབས་གནང་། ལེགས་པར་སྦྱར་བའི་སྒྲ་རིག་པ་ནི་འཛམ་གླིང་ཐོག་གི་བརྡ་སྤྲོད་རིག་པ་ཡོངས་ཀྱི་ཆེས་སྔ་ཤོས་ཤིག་ཡིན་པར་ངོས་འཛིན་གྱིན་ཡོད།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden

སྒྲ་རིག་པ་སྤྱིར་བཤད་པ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden

༡༣  ཅི་ཞིག་ལ་སྒྲ་རིག་པ་ཟེར།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ས་པཎ་གྱི་སྒྲ་འཇུག་ལས། ལུང་སྟོན་པའམ་ཀུན་གསལ་བར་བྱེད་པའམ་ཀུན་གོ་བར་བྱེད་ཞེས་བྱ་བ་ལ་འཇུག་གོ།ཞེས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས། ལེགས་སྦྱར་དང་སྐད་གཞན་དག་གང་དང་གང་ཡིན་ཀྱང་རུང་། ཡུལ་སོ་སོའི་ལུགས་ཀྱི་མིང་དང་དེ་ལ་རྐྱེན་ནམ་ཕྲད་སོགས་ཚུལ་བཞིན་དུ་སྦྱར་བས་བརྗོད་བྱའི་དོན་ལེགས་པར་བརྡ་འཕྲོད་པར་བྱེད་པའི་རྣམ་གཞག་སྟོན་པའི་བསྟན་བཅོས་དེ་དག་རང་རང་གི་ལུགས་ཀྱི་ལུང་སྟོན་པའམ་སྒྲ་རིག་པར་འགྱུར་ཞིང་ཞེས་དང་།  སྒྲ་རིག་པ་ཞེས་པ་སཾ་སྐྲྀ་ཏའི་སྐད་ཀྱིས་རྣམ་གཞག་སྟོན་པའི་གཞུང་ཁོ་ནར་འཛིན་མི་དགོས་ཏེ།  བོད་དུའང་སློབ་དཔོན་ཨ་ནུས་ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་གསུངས་པ་འདི་ཡང་བོད་ཀྱི་སྒྲ་རིག་པའི་བསྟན་བཅོས་ཡིན་པ་བཞིན་ནོ། །ཞེས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     རིག་པའི་ཁུ་བྱུག་གི་ཞལ་ནས།  ལུང་དུ་སྟོན་པར་བྱེད་པའི་བརྡ་སྤྲོད་པའི། །  ཐུན་མོང་ཁྱད་ཆོས་མིང་ཚིག་ཡི་གེ་གསུམ། །  ཐུན་མིན་རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ། །  བརྗོད་ བྱར་གྱུར་གང་སྒྲ་ཡི་རིག་པའོ། །ཞེས་སོ། །  དེ་ལ་སྒྲ་རིག་པ་ཞེས་བྱ་བའི་སྒྲ་ནི་ཟིན་པའི་སེམས་ཅན་དུ་སྟོན་ཅིང་ཚིག་ཏུ་ལྷུང་བའི་སྒོ་ནས་ལུང་དུ་སྟོན་པ་ལའོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     སློབ་དཔོན་ཆེན་པོ་ལེགས་པར་སྨྲ་བའི་གྲགས་པའི་མཛད་པའིསྒྲའི་བསྟན་བཅོས་སྨྲ་བ་ཀུན་ལ་འཇུག་པལས།  ཟིན་པ་དང་ནི་མ་ཟིན་དང་། །  གཉི་ག་དག་ལས་བྱུང་བའི་སྒྲ། ། སེམས་ཅན་སྟོན་དང་མི་སྟོན་དག །  ལུང་དུ་སྟོན་དང་མི་སྟོན་པའོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     རིག་གནས་བཅུའི་དྲིས་ལན་བློ་གསལ་ཉེར་མཁོ་ལས།  ཡི་གེ་དབྲི་བསྣན་བསྒྱུར་བ་ལ་སོགས་པས་ཚིག་དོན་རྣམ་པར་ཕྱེ་ནས་སྟོན་པའི་རྗོད་བྱེད་དེ།  སྒྲ་རིག་པའི་མཚན་ཉིད།  སྐྱེས་བུ་རྣམས་ཀྱིས་མཉན་པར་བྱ་བའི་རང་བཞིན་གྱི་རིག་པ་ཡིན་པས་ན་སྒྲ་རིག་པ་ཞེས་བྱའོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༡༤  སྒྲ་རིག་པའི་བརྗོད་བྱ་ནི་ག་རེ་ཡིན་ནམ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས། རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ། ། བརྡ་སྤྲོད་གཞུང་གི་བརྗོད་བྱ་ཡིན། ། ཞེས་སོ། ། ༡ རང་བཞིན་དང་། ༢ རྐྱེན། ༣ རྣམ་འགྱུར་གསུམ་གྱིས་བརྡ་སྤྲོད་པའི་གཞུང་གི་བརྗོད་བྱ་མ་ལུས་པར་བསྡུས་ཡོད་དོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     རྐྱེན་སོགས་ཀྱིས་བསྒྲུབ་པར་བྱ་བའི་གཞི་ནི་རང་བཞིན་ནོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     རང་བཞིན་མིང་དང་བྱིངས་དེ་ལའང་། ། ཞེས་པ་ལྟར། རང་བཞིན་ལ་དབྱེ་ན། བྱིངས་དང་། མིང་གཉིས་སོ། ། བྱིངས་ལ་དབྱེ་ན། མདོའི་བྱིངས་དང་། རྐྱེན་གྱིས་བཅོས་པའི་བྱིངས། གླེགས་བམ་ལས་འབྱུང་བའི་བྱིངས་གསུམ་མོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     རྣམ་དབྱེ་མེད་པ་ནི་མིང་ངོ་། ། བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་ནི་རྟགས་སོ། ། རྟགས་ལ་དབྱེ་ན།  སྐྱེས་པའི་རྟགས་དང་།  བུད་མེད་ཀྱི་རྟགས། མ་ནིང་གི་རྟགས་གསུམ་མོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     རྐྱེན་གྱི་རང་བཞིན་དེ་ཉིད་རྣམ་འགྱུར་གཞན་དུ་སྒྲུབ་པར་བྱེད་པ་སྒྲའི་ཡན་ལག་ཅིག་གོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     རྐྱེན་ལ་དབྱེ་ན། བྱིངས་ལས་མིང་དུ་སྒྲུབ་པར་བྱེད་པ་བྱེད་ལྡན་གྱི་རྐྱེན་དང་།  མིང་ལས་མིང་གཞན་སྒྲུབ་པར་བྱེད་པ་ལ་དེ་ཕན་གྱི་རྐྱེན་གཉིས་སོ། ། དེ་ལའང་སྤྱི་དང་། གྲགས་མེད།  དངོས་པོའི་རྐྱེན་གསུམ་དུ་འགྱུར་རོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས། རང་བཞིན་རྐྱེན་དང་འབྲེལ་བ་དང་། ། ཡི་གེ་ཙམ་དང་འབྲེལ་བ་ཡི། ། བསྒྱུར་དང་དབྱི་བ་རྣམ་འགྱུར་ཏེ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༡༥ སྒྲ་རིག་པ་ལ་ཐུན་མོང་དང་ཐུན་མིན་གྱི་ཁྱད་ཆོས་གང་དག་ཡོད།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  རིག་པའི་ཁུ་བྱུག་གི་ཞལ་ནས།  མིང་ཚིག་ཡི་གེ་གསུམ་གྱི་རྣམ་གཞག་རྣམས། །  སྒྲ་རིག་ སྤྱི་ཡི་ཐུན་མོང་ཁྱད་ཆོས་དང་། །  རང་བཞིན་རྐྱེན་དང་རྣམ་འགྱུར་ནི། །  ལེགས་སྦྱར་སྒྲ་ཡི་ ཐུན་མིན་ཁྱད་པར་ཆོས། །ཞེས་སོ། ། ལེགས་སྦྱར་སྒྲ་རིག་པ་སྒྲུབ་པ་གཙོ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༡༦ སྒྲ་རིག་པ་སློབ་པའི་དགོས་པ་ག་རེ་ཡིན་ནམ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  དཔལ་མགོན་འཕགས་པ་ཀླུ་སྒྲུབ་གྱིས། ཐ་སྙད་ལ་ནི་མ་བརྟེན་པར། ། དམ་པའི་དོན་ནི་རྟོགས་མི་འགྱུར། ། དམ་པའི་དོན་ནི་མ་རྟོགས་ན། ། མྱ་ངན་འདས་པ་ཐོབ་མི་འགྱུར། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     སློབ་དཔོན་ཐོན་མིས།  བསླབ་པ་ཀུན་གྱི་གཞིར་འཛིན་ཅིང་། །  རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། ། མིང་ཚིག་བརྗོད་པ་ཀུན་གྱི་གཞི། ། ཡི་གེའི་སྦྱོར་བ་བཤད་པར་བྱ། ། ཞེས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     འདར་ལོ་ངག་དབང་ཕུན་ཚོགས་ཀྱིའགྲེལ་བ་གསལ་ལྡནལས། ཚུལ་འདི་རྟོགས་ན་ཤེས་བྱའི་གནས་ཀུན་ལ། ། ཐོགས་པ་མེད་པར་བདེ་བླག་བགྲོད་པའི་ལམ། །  བཅུ་ཕྲག་རིག་གནས་ཀུན་གྱི་དང་པོ་མཆོག །  རྣམ་དག་བརྡ་སྤྲོད་གཞུང་ལ་འཇུག་པར་རིགས། །  ཞེས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ས་བཟང་མ་ཏི་པཎ་ཆེན་གྱི་ཞལ་ནས།  ཐོག་མར་སྒྲ་ལ་མཁས་པ་ཡིས། །  ཚིག་དོན་རྣམ་པར་ ཕྱེ་སྟེ་བསྟན། །  དེ་ནས་དོན་ལ་མཁས་པ་ཡིས། །  ལྷག་ཆད་འཁྲུལ་བ་མེད་པར་བཤད། །  ཞེས་དང་།  ཀུན་མཁྱེན་ཐོབ་པར་འདོད་རྣམས་ཀྱིས། །  རིག་པའི་གནས་ལྔ་ཤེས་བྱ་སྟེ། །  ཁྱད་པར ་སྒྲ་ཡི་རིག་པ་ལ། །  ཐོག་མ་ཉིད་དུ་འཇུག་པར་རིགས། ། ཞེས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་ཞལ་ནས།  གང་ཞིག་ཤེས་ན་མཁས་པའི་གནས་ཐོབ་ ཅིང་། །  མཐར་ཐུག་ཀུན་མཁྱེན་གོ་འཕང་བདེ་བླག་བགྲོད། །  གཞུང་ལུགས་ཀུན་ལ་ཐོགས་མེད་འཇུག་པའི་སྒོ། །  བརྡ་སྤྲོད་རིག་གནས་བསྟན་བཅོས་རྣམ་དབྱེ་བགྱི། ། ཞེས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     སྒྲ་བ་སྐལ་བཟང་ངག་དབང་དམ་ཆོས་ཀྱི་ཞལ་ནས།  ཟབ་དོན་བསྟན་པའི་སྙིང་པོ་རྟོགས་པ་ལ། །  མང་ཐོས་སྡེ་སྣོད་གསུམ་གྱི་ཚིག་དོན་ཀུན། །  བདེ་ལེགས་རྟོགས་ལ་བརྡ་སྤྲོད་གཙུག་ལག་གཞུང་། །  ངེས་པར་བྱ་བ་མཁས་པས་མགྲིན་གཅིག་བསྔགས། །  ཞེས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     དབྱངས་ཅན་གྲུབ་པའི་རྡོ་རྗེའི་ཞལ་ནས།  སྒྲ་ཤེས་དོན་ལ་མི་རྨོངས་ཞེས། །  མཁས་པའི་གསུངས་ལ་ཡོངས་སུ་གྲགས། །  ཞེས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     མདོ་ལས།  བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་སྒྲ་ལ་སློབ་པར་བྱེད་ཅེ་ན།  སྒྲའི་ཚིག་ཡོངས་སུ་དག་པར་བྱ་བ་དང་།  ཡོངས་སུ་མ་དག་པའི་ཚིག་གི་དོན་གསལ་བར་སྟོན་པ་དང་།  དོན་ ཐམས་ཅད་ཤེས་ཤིང་ཁོང་དུ་ཆུད་པར་བྱ་བ་དང་།  ཡང་དག་པའི་ཚིག་མི་ཉམས་པས་ང་རྒྱལ་གྱིས་མི་ཤིགས་པ་དང་།  ངན་པར་ལྟ་བ་ལས་ལྡོག་ཅིང་སེམས་ཅན་འདུལ་བའི་ཐབས་དང་མཁས་པས་ཤེས་པར་བྱ་བའི་ཕྱིར།  བྱང་ཆུབ་སེམས་དཔའ་སྒྲ་རིག་པའི་བསྟན་བཅོས་ལ་སློབ་པར་བྱེད་དོ། ། ཞེས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     དེའི་ཕྱིར་ཐ་སྙད་སྒྲ་ལ་མཁས་པ་ཡིས། །  དོན་དམ་གནས་ལུགས་ལེགས་རྟོགས་ནས། ། མི་ཤེས་མུན་པ་རབ་སྤངས་ཏེ། །  ཡེ་ཤེས་སྣང་བ་ཐོབ་གྱུར་ཅིག །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ཆོས་རྗེ་ས་པཎ་གྱི་ཞལ་ནས།  རང་བློ་ཤེས་བྱའི་གནས་ལ་མ་སྦྱངས་ན། །  ཐམས་ཅད་ མཁྱེན་པ་ནམ་མཁའི་མཐའ་ལྟར་རིང་། །  དེ་ལྟར་དགོངས་ནས་རྒྱལ་དང་རྒྱལ་སྲས་ཀྱིས། །  ཤེས་བྱའི་གནས་ཀུན་སྦྱང་ཞེས་ལེགས་པར་གསུངས། །  ཞེས་དང་།  མཁས་གང་ཤེས་བྱའི་དེ་ཁོ་ན།  ཇི་བཞིན་རྟོགས་པ་ཡིན་པར་འདོད། །  བྱེ་བྲག་སྦྱངས་པའི་དོན་ཤེས་པ། །  དེ་ཡང་དེ་ ལ་མཁས་ཞེས་བྱ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     རིག་པའི་ཁུ་བྱུག་གི་ཞལ་ནས།  ཤེས་བྱ་སྤྱི་དང་བྱེ་བྲག་གི། །  གནས་ལུགས་ཡང་དག་རྟོགས་ བྱེད་པའི། །  རིག་པ་སྤྱི་ལ་འཇུག་པའི་སྒོ། །  སྒྲ་རིག་ཡིན་པ་མཁས་རྣམས་གསུངས། །  ཞེས་དང་།  རིག་པའི་གནས་ཆེ་ཆུང་ཀུན་གྱི་རྩ་བར་གྱུར་པ་ལྟ་བུ་སྒྲ་རིག་པ་ལ་ཐུག་པའི་ཕྱིར།  རིག་པའི་གནས་ཆེ་ཆུང་གང་ལ་བསླབ་ཀྱང་ཐོག་མར་སྒྲ་རིག་པ་ལ་བསླབ་དགོས། ཞེས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden

༣༡  དགྲ་གྲོགས་ཀྱི་བརྩི་གཞི་ངོས་འཛིན་དང་། དགྲ་གྲོགས་ཀྱི་འབྲས་བུ། དགྲ་གྲོགས་ཀྱི་ངོ་བོ་གསུམ་ངོས་འཛིན་བྱེད་ནུས་སམ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ༡ ཨོ་དང་ན་མོ་ཏདྱ་ཐཱ། ། སྤངས་པའི་སྔགས་ཀྱི་ཐོག་མ་དང་། ། རང་གི་མིང་ཐོག་གཟུང་བར་བྱ། ། གསལ་བྱེད་བརྩེགས་སམ་འཕུལ་བཞག་ཡོད། ། དང་བོའི་ཡི་གེ་གཟུང་བར་བྱ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༢  གསལ་བྱེད་དགྲར་གྱུར་ནད་མང་ཞིང་། ། དབྱངས་ཡིག་དགྲར་གྱུར་སྲོག་དང་འབྲལ། །  ཐ་མལ་གྱུར་ན་འབྲས་བུ་མེད། ། གྲོགས་སུ་གྱུར་ན་དངོས་གྲུབ་འབྱུང་། ། དེ་ཕྱིར་དགྲ་གྲོགས་བརྩི་བ་གཅེས། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༣  དགྲ་ཡིན་ཚུལ།  ས་དགྲ་མེད་ཡིན་མེ་དགྲ་ཆུ། །  ཆུ་དགྲ་རླུང་ཡིན་རླུང་དགྲ་ས། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ནུས་མེད་དུ་འགྱུར་ཚུལ།  ས་ནི་མེ་ལ་ནུས་པ་མེད། །  མེ་ནི་ཆུ་ལ་ནུས་པ་མེད། །  ཆུ་ནི་རླུང་ལ་ནུས་པ་མེད། །  རླུང་ནི་ས་ལ་ནུས་པ་མེད། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     གྲོགས་སུ་འགྱུར་བའི་ཚུལ།  ས་ཆུ་ཕན་ཚུན་གྲོགས་པོ་སྟེ། །  མེ་རླུང་ཕན་ཚུན་གྲོགས་པོ་ཡིན། །  ནམ་མཁའ་ཀུན་གྱི་གྲོགས་ཡིན་ཏེ། ། ཀུན་ཀྱང་ནམ་མཁའི་གྲོགས་སུ་འགྱུར། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༣༢  དབྱངས་ཀྱི་བཀླག་ཚུལ་བརྗོད་ཐུབ་བམ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཡི་གེ་ཐུང་བ་གཅིག་ཡུན་བཀླག ། རིང་བ་གཉིས་ཀྱི་ཡུན་དུ་བཀླག ། ཤིན་ཏུ་རིང་བ་གསུམ་ཡུན་བཀླག ། པླུ་ཏ་ཡང་དེ་བཞིན་ནོ། ། འགྲེང་བུ་ན་རོ་ཡོད་གྱུར་ན། །  རིང་བོ་ཉིད་ ཕྱིར་འ་འདོགས་འཁྲུལ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༣༣  གསལ་བྱེད་ཀྱི་བཀླག་ཚུལ་ལས། གསུམ་པའི་བཀླག་ཚུལ་དང་། བཞི་བའི་བཀླག་ཚུལ། ལོག་སྡེའི་བཀླག་ཚུལ། ཥའི་བཀླག་ཚུལ།  ཀྵའི་བཀླག་ཚུལ། ཛྷའི་བཀླག་ཚུལ། དུ་མ་བརྩེགས་པའི་བཀླག་ཚུལ། འདྲ་བ་བརྩེགས་པའི་བཀླག་ཚུལ། མི་འདྲ་བ་བརྩེགས་པའི་བཀླག་ཚུལ། འཁྲུལ་བ་སྤང་བ། རྣམ་བཅད་བཀླག་ཚུལ།  རྗེས་སུ་ང་རོ་བཀླག་ཚུལ། ལྕེ་རྩ་ཅན་དང་མཆུ་ཅན་བཀླག་ཚུལ། ཡ་བཏགས་པའི་བཀླག་ཚུལ། ཝ་བཏགས་པའི་བཀླག་ཚུལ། རྀ་ལྀ་ཞུགས་པའི་བཀླག་ཚུལ།  ཨི་ཞུགས་པའི་བཀླག་ཚུལ།  ཀེ་ཤ་ཅན་གྱི་བཀླག་ཚུལ་བཅས་གང་འདྲ་ཞིག་ཡིན་ནམ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན། ༡ གསུམ་པའི་བཀླག་ཚུལ། མིང་གི་ཐོག་མར་སྡེ་བ་ཡི། །  གསུམ་པ་འས་འཕུལ་བཞིན་དུ་བཀླག །  དབུས་མཐར་བྱུང་ན་བོད་དང་མཚུངས། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༢  བཞི་བའི་བཀླག་ཚུལ། བཞི་བ་རྣམས་ནི་གསུམ་པ་ལ། ། ར་མགོ་ཧ་སྒྲ་ལྡན་པར་བཀླག །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༣  ལོག་སྡེའི་བཀླག་ཚུལ། ཊ་སོགས་ལོག་སྡེའི་བཀླག་ཚུལ་ནི། ། ལྕེ་རྩེ་རྐན་སྦྱར་སྟིབས་ཀྱིས་བསྒྱུར། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༤  ཥའི་བཀླག་ཚུལ། ཥ་ནི་ཁ་དང་ཆ་མཐུན་པར། ། རྐན་གྱི་ཕུགས་ནས་སྟོངས་ཀྱིས་འདོན། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༥  ཀྵའི་བཀླག་ཚུལ། ཀྵ་ནི་ཁྱ་དང་ཆ་མཐུན་ཙམ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༦  ཛྷའི་བཀླག་ཚུལ། ཛ་ལ་ཉ་བཏགས་འགྱ་འམ་གཉའ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༧  དུ་མ་བརྩེགས་པའི་བཀླག་ཚུལ། གསལ་བྱེད་མི་འདྲ་དུ་མ་བརྩེགས། ། རང་སྒྲ་ཐོན་ཙམ་མྱུར་བར་བཀླག ། དབྱངས་དང་ང་རོ་འོག་མ་དབང་། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༨ འདྲ་བ་བརྩེགས་པའི་བཀླག་ཚུལ། འདྲ་བའི་གསལ་བྱེད་བརྩེགས་གྱུར་ན། །  ཁ་ཁེངས་མཐོན་པོའི་གདངས་ཀྱིས་བཀླག །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༩  མི་འདྲ་བ་བརྩེགས་པའི་བཀླག་ཚུལ། བརྩེགས་པའི་ཐོག་མ་གོང་མར་དབང་། །  དེ་འོག་རྣམས་ནི་དཀྱུས་སུ་བཀླག །  ཉ་ཎ་ཡར་སྦྱར་ན་ལྟར། ། ཤ་ཁ་ཡར་སྦྱར་ས་ལྟར་བཀླག ། ཀ་ནི་ག་དང་ཙ་ཛ་ཊ། ། ཌ་ཏ་རྣམས་ནི་ད་རུ་བཀླག ། པ་ཡིག་རྣམས་ནི་བ་རུ་བཀླག །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༡༠  འཁྲུལ་བ་སྤང་བ། གྷ་ཛྷ་ཌྷ་དྷ་བྷ་རྣམས་ནི། ། ཡི་གེ་གཉིས་གཉིས་འདོད་པ་འཁྲུལ། ། དེ་བཞིན་དབྱངས་ཀྱི་རྀ་ལྀ་གཉིས། ། ར་དང་ལ་རུ་འདོད་པ་འཁྲུལ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༡༡  རྣམ་བཅད་བཀླག་ཚུལ། རྣམ་བཅད་ས་རུ་བཀླག་པའམ། ། དྲག་པོར་བཅད་དེ་བཀླག་པར་བྱ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༡༢  རྗེས་སུ་ང་རོ་བཀླག་ཚུལ། རྗེས་སུ་ང་རོ་སྡེ་བ་ལ། ། རང་རང་སྡེ་བའི་ལྔ་བར་བཀླག ། ཡ་སོགས་བརྒྱད་ལ་ང་རུ་བཀླག ། ཡང་ན་སྡེ་ལྔའི་ཟླ་ལ་སྦྱར། ། ཤད་ཀྱིས་ཆོད་ན་རང་ཉིད་བརྩི། ། ཤད་མེད་ན་ནི་འོག་མ་བརྩི། ། དམིགས་བསལཨོ་དང་ཧཱུ་གཉིས་མ་དང་ང་། །  ཚིག་གྲོགས་དག་ལ་ལྟོས་པ་མིན། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༡༣  ལྕེ་རྩ་ཅན་དང་མཆུ་ཅན་བཀླག་ཚུལ། ལྩེ་རྩ་ཅན་དང་མཆུ་ཅན་ནི། ། ཨ་ཀ་ཨ་པ་ཞེས་པའམ། ། ཀོ་ཝ་པོ་ཝ་ཞེས་པར་བཀླག །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༡༤  ཡ་བཏགས་པའི་བཀླག་ཚུལ། ཡ་བཀླག་ཕལ་ཆེར་འགྲེང་བུ་ནི། ། ཡའི་སྒྲ་ཅུང་ཞིག་ལྡན ་པར་བཀླག ། དམིགས་བསལཡ་ལ་ཡ་བཏགས་ཡ་རང་ཉིད། ། ཀ་ཁའི་ཡ་བཏགས་བོད་ བཞིན་བཀླག ། ར་ལ་ཡ་བཏགས་ར་ཡར་སྦྱར། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༡༥  ཝ་བཏགས་པའི་བཀླག་ཚུལ། ཝ་བཏགས་ཕལ་ཆེར་ན་རོ་སྟེ། ། ཝའི་སྒྲ་ཅུང་ཞིག་ལྡན་པར་བཀླག །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༡༦ རྀ་ལྀ་ཞུགས་པའི་བཀླག་ཚུལ། ཀ་སོགས་སྲོག་ཏུ་རྀ་ལྀ་ཞུགས། ། གི་གུ་ཕྱིར་ནི་ལོག་གྱུར་ན ། །  ཀི་རྀ་ཀི་ལྀ་ཞེས་མྱུར་བཀླག །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༡༧ ཨི་ཞུགས་པའི་བཀླག་ཚུལ། ཀ་སོགས་ར་དང་ལ་བཏགས་ནས། ། གི་གུ་ཕྱིར་ནི་མ་ལོག་ན། ། ཀ་རི་ཀ་ལི་ཞེས་པར་བཀླག །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ༡༨  ཀེ་ཤ་ཅན་གྱི་བཀླག་ཚུལ། ཨེེ་དང་ཨོོ་ཡི་བཀླག་ཚུལ་ནི། ། ཨེ་ཨི་ཨོ་ཨུ་ཞེས་པར་བཀླག ། དེ་བཞིན་ཀ་སོགས་སྲོག་ཞུགས་ན། ། ཀེ་ཨི་ཀོ་ཨུ་སོགས་སུ་བཀླག །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden

མཚམས་སྦྱོར་ལྔ་བ་བཤད་པ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden

༣༤ མཚམས་སྦྱོར་ལྔ་ནི་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  མིང་གི་མཚམས་སྦྱོར་དང་། དབྱངས་ཀྱི་མཚམས་སྦྱོར། རང་བཞིན་དུ་གནས་པའི་མཚམས་སྦྱོར། གསལ་བྱེད་ཀྱི་མཚམས་སྦྱོར། རྣམ་བཅད་མཚམས་སྦྱོར་ལྔའོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༣༥  མཚུངས་པའི་ཡི་གེ་ལྔ་ནི་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཨ་ཨི་ཨུ་རྀ་ལྀ་མཚུངས་པ་རྣམས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༣༦  ནཱ་མིའི་ཡི་གེ་ནི་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཨ་བོར་བ་ནཱའོ། །  ཨ་ཡིག་རིང་ཐུང་གཉིས་བོར།  ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨེེ་ཨོ་ཨོོGahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༣༧  ཧ་སའི་ཡི་གེ་ནི་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཧ་ས་གསལ་བྱེད་རྣམས་སོ། །  ཧ་ཡ་ཝ་ར་ལ།  ཉ་ཎ་ན་ང་མ།  ཛྷ་ཌྷ་དྷ་གྷ་བྷ།  ཛ་ཌ་ད་ག་བ།  ཁ་ཕ་ཚ་ཋ་ཐ།  ཙ་ཊ་ཏ་ཀ་པ། ཤ་ཥ་ས་རྣམས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༣༨  ཧ་བའི་ཡི་གེ་ནི་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཧ་ཡ་ཝ་ར་ལ།  ཉ་ཎ་ན་ང་མ།  ཛྷ་ཌྷ་དྷ་གྷ་བྷ།  ཛ་ཌ་ད་ག་བ་རྣམས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༣༩  ཁ་སའི་ཡི་གེ་ནི་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཁ་ཕ་ཚ་ཋ་ཐ།  ཙ་ཊ་ཏ་ཀ་པ། ཤ་ཥ་ས་རྣམས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༤༠  ཨ་བའི་ཡི་གེ་ནི་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཨ་ཨི་ཨུ་རྀ་ལྀ་ཨེ་ཨེེ་ཨོ་ཨོོ།  ཧ་ཡ་ཝ་ར་ལ།  ཉ་ཎ་ན་ང་མ།  ཛྷ་ཌྷ་དྷ་གྷ་བྷ།  ཛ་ཌ་ད་ག ་བ་རྣམས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༤༡  ཙ་པའི་ཡི་གེ་ནི་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཙ་ཊ་ཏ་ཀ་པ་རྣམས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༤༢  ཛྷ་བྷའི་ཡི་གེ་ནི་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཛྷ་ཌྷ་དྷ་གྷ་བྷ་རྣམས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༤༣  ཛ་བའི་ཡི་གེ་ནི་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཛ་ཌ་ད་ག་བ་རྣམས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༤༤  ཛྷ་སའི་ཡི་གེ་ནི་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཛྷ་ཌྷ་དྷ་གྷ་བྷ།  ཛ་ཌ་ད་ག་བ།  ཁ་ཕ་ཚ་ཋ་ཐ།  ཙ་ཊ་ཏ་ཀ་པ། ཤ་ཥ་ས་རྣམས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༤༥  འཕེལ་བའི་ཡི་གེ་བཞི་ནི་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན། ཨཱ་ཨཱརྲ་ཨེེ་ཨོོ་བཞི་སྟེ། ཨ་ཡིག་གི་འཕེལ་བ་ཨཱ་དང་། རྀ་ཡིག་གི་འཕེལ་བ་ཨཱརྲ་དང་། ཨི་ཡིག་གི་འཕེལ་བ་ཨེེ་དང་། ཨུ་ཡིག་གི་འཕེལ་བ་ཨོོ་བཅས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༤༦ ཚིག་སྡུད་དྲུག་ནི་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན། མི་ཟད་པའི་བསྡུ་བ་དང་། དེའི་སྐྱེས་བུའི་བསྡུ་བ། ཟླས་དབྱེའི་བསྡུ་བ།  འབྲུ་མང་པོའི་བསྡུ་བ།  ལས་འཛིན་གྱི་བསྡུ་བ། ཕྱོགས་གཉིས་པའི་བསྡུ་བ་བཅས་དྲུག་གོ། ཡང་ན། འབྲུ་མང་པོ་བའི་སྡུད་པ། ལས་འཛིན་གྱི་སྡུད་པ།  བ་གཉིས་བའི་སྡུད་པ། སྐྱེས་བའི་སྡུད་པ། ཟླས་དབྱེའི་སྡུད་པ། གྲངས་མེད་པའི་སྡུད་པ་སྟེ་དྲུག་གོ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༤༧  ཡོན་ཏན་གྱི་ཡི་གེ་གསུམ་ནི་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན། རྀའི་ཡོན་ཏན་ཨར་ཞེས་པ་དང་། ཨེའི་ཡོན་ཏན་ཨེེ་ཞེས་པ་དང་། ཨུའི་ཡོན་ཏན་ཨོ་ཞེས་པ་རྣམས་སོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༤༩ ཉ་མ་སྣ་ལྡན་གྱི་ཡི་གེ་ལྔ་གང་དག་ཡིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  ཉ་ཎ་ན་ང་མ་ལྔའོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༤༩ གཤམ་གསལ་སྒྲ་མདོ་དག་གི་དོན་བཤད་ཐུབ་བམ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  མཚམས་སྦྱོར་ལྔ་བའི་རྩ་འགྲེལ་དང་བཅས་པར་སྦྱངས་པ་གནད་དུ་འགྲོ་བ་གཞིར་ བཅས་ཏེ་འདིར་རེ་རེ་འགོད་པའི་ངལ་བར་མ་བསྟེན་པས་གཞན་དུ་ཤེས་པར་བྱའོ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
༥༠ མཚམས་སྦྱོར་ཕྱི་མ་བཞིའི་དཔེར་བརྗོད་དང་བཅས་པ་རེ་རེ་བཞིན་འགོད་ཐུབ་བམ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ལན།  རྒན་གཟུངས་འབུམ་ཐར་གྱིས་མཛད་པའི་དབྱངས་ཅན་སྒྲ་མདོའི་ཁྲིད་ཡིག་ཀུན་དགའ་འདོད་འཇོའི་ཤོག་ངོས21ནས97བར་དུ་དཔེར་བརྗོད172ཁ་གསལ་བོར་བཀོད་འདུག་པས་དེ་ལས་ཤེས་པར་བྱ་བ་འདིར་བསྐྱར་ཟློས་སུ་སྤེལ་རྒྱུ་མིན།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
ཟུར་བཀོད།  ཉེར་མཁོའི་སྔགས་བོད་ཤན་སྦྱར།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     
འདིར་སྨྲས་པ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ཆུ་ལས་འོ་མ་བླངས་པ་ལ། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ཉེས་སྐྱོན་ཅི་མཆིས་མཐོལ་ལོ་གཤགས། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     འདི་ལས་བྱུང་བའི་དགེ་བའི་མཐུས། །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
     ཐམས་ཅད་བསམ་དོན་འགྲུབ་གྱུར་ཅིག །Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden
མཆན།  ལེགས་སྦྱར་སྒྲ་རིག་པའི་དྲིས་ལན་ལྔ་བཅུ་བ་སྐལ་བཟང་འཇུག་ངོགས་ཞེས་བྱ་བ་འདི་ནི་ཁོ་བོས་རབ་འབྱམས་ཞིབ་འཇུག་སློབ་མའི་ཡིག་ཚད་དུ་ལེགས་སྦྱར་སྒྲ་རིག་པར་རྒྱུགས་སྤྲོད་པའི་སྟ་གོན་དུ་དགེན་ཁུ་བྱུག་དང་། བཀྲ་ཤིས་དབྱངས་ཅན་དགའ་བའི་བློ་གྲོས། གཟུངས་འབུམ་ཐར་སོགས་ཀྱིས་མཛད་པའི་སྒྲ་རིག་པའི་བསླབ་དེབ་ལས་ཉེ་བར་མཁོ་བའི་ཆ་དག་ཧྲགས་བསྡུས་སུ་དྲི་བ་དྲིས་ལན་གྱི་རྣམ་པར་སྦྱར་བ་ཞིག་གོ།Gahབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden

སྤེལ་མཁན། ཚེ་རིང་དོན་གྲུབ།   རྩོམ་འགན། ཚེ་མགོན།

རྒྱབ་སྐྱོར།

སྣང་མེད་གཏོང་བ།

འདིའང་བོད་ཡིག་ཆ་འཕྲིན་གྱི་འཐབ་ར་ཞིག་སྟེ།

扫码支持
བཤེར་རིས་ནས་ཞལ་འདེབས་གནང་བ།

打开支付宝扫一扫,即可进行扫码打赏哦

གོངགི་བཤེར་རིས་ནས་འདི་གར་རྒྱབ་སྐྱོར་གནང་བ།

ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།

CopyRight © 2011-2021 BODYIG.NET 【མཉེན་ཆས་གླིང་།】 | 陇ICP备15003445-10 | 甘公网安备 662302702270019号

ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག