བོད་ཡིག་མཉེན་ཆས་གླིང་གས་ཉར་བའི་མཉེན་ཆས་དག་ནི་རིན་མེད་ངང་བོད་ཡིག་བརྡ་འཕྲིན་ལག་རྩལ་དང་།ཁྱབ་བརྡལ་དང་གོང་འཕེལ་ཡོང་ཕྱིར་བཏོན་པ་ཡིན་ལ། མཉེན་ཆས་འདི་དག་ནི་མཉེན་ཆས་གསར་སྐྲུན་པ་རང་གིས་ང་ཚོར་སྤྲད་པའམ། ཡང་ན་དྲ་རྒྱ་སོགས་ནས་བཏུས་བ་ཡིན་པས་ན། དེ་དག་གི་བདག་དབང་ཡོད་ཚད་སྔར་གྱི་བཟོ་མཁན་རང་ལ་དབང་བ་ཡིན།. ཆེས་གསལ་ཞུ་འབུལ་རྒྱུ་ཅིག་ནི་མཉེན་ཆས་དེ་དག་ཕབ་ལེན་བྱས་རྗེས་ངེས་བར་དུ་དུག་གསོད་མཉེན་ཆས་སོགས་སྤྱད་ནས་དུག་གསོད་དང་ཉེན་འགོག་དེ་རང་རང་གིས་འགན་ཁུར་དགོས་ཡོད། མཉེན་ཆས་དེ་དག་བཀོལ་རྗེས་རང་གི་ཁེ་ཕན་ལ་གནོད་སྐྱོན་ཅི་ཞིག་བཟོས་ཡོང་བ་ང་ཚོས་ཚོད་དཔག་མི་ཐུབ་པས། མཉེན་ཆས་དེ་དག་སྤྱད་ནས་རང་ཉིད་ཀྱི་ཁེ་ཕན་ལ་གནོད་སྐྱོན་བཟོས་ཚེ་ངེད་དྲ་བས་འགན་ཅི་ཡང་ཁུར་ཐུབ་ཀིན་མེད། དེ་བཞིན་དུ་ཁྱེད་ལ་མཉེན་ཆས་གང་གིས་གནོད་འཚེ་ཅི་ཞིག་བཟོ་གྲབས་འདྲ་ཡོད་ཚེ། དེའི་སྐོར་ང་ཚོར་ཡར་ཞུ་བྱེད་རྒྱུ་ཡང་ངེད་ཅག་གི་རེ་བ་ཡིན་ལ།ང་ཚོས་མགྱོགས་པོར་སྔོན་འགོག་དང་བཅོས་སྒྱུར་བྱེད་ངེས། དེ་ཡང་བརྒྱུད་རིམ་གང་གི་ཁྲོད་མཉེན་ཆས་གང་གི་བདག་དབང་ལ་ཡང་གནོད་སྐྱོན་ཐེབས་ཀྱིན་ཡོད་ཚེ། མཉེན་ཆས་སྐྲུན་པ་པོ་དག་གིས་ངེས་བར་དུའང་ངེད་དྲ་བའི་དྲ་བདག་ལ་དེའི་སྐོར་གྱི་གནས་ཚུལ་ཡར་ཞུ་བྱེད་ཆོག་ལ། ཡར་ཞུའི་རེ་བ་བཏོན་པ་ནས་གཟའ་འཁོར་གཅིག་གི་ནང་ང་ཚོས་མགྱོགས་པོའི་ངང་ཐག་གཅོད་བྱ་ངེས།ངེད་དྲ་བས་ཉར་བའི་མཉེན་ཆས་དག་ནི་མཉེན་ཆས་བཟོ་མཁན་པའི་ཆོག་མཆན་ཐོབ་ཚེ་ད་གཟོད་བཀོལ་སྤྱོད་ཆོག་པ་ཞིག་ཡིན་ལ། མི་སུ་དང་སུ་ཡིན་རུང་མཉེན་ཆས་དེ་དག་ཁྲམ་སྒྱུར་དང་རང་འདོད་བཅོས་བཟོ་སོགས་གཏན་ནས་བྱེད་མི་ཆོག་པ་མ་ཟད། མཉེན་ཆས་དེ་དག་སྤྱད་ནས་མི་དམངས་ཀྱི་ཁེ་ཕན་ལ་གཏོར་བརླག་དང་བོད་ཡིག་ཆ་འཕྲིན་གྱི་ཡར་ཐོན་གོང་འཕེལ་ལ་བཀག་འགོག་སོགས་གཏན་ནས་བྱ་མི་ཆོག་པ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་སོགས་སྤེལ་ཚེ་དེ་ལ་ཁྲིམས་ཆད་ནན་མོ་ལྡབ་འགྱུར་གྱིས་ཕོག་སྲིད་དོ།
ཞུ་གཏུག་བྱ་ཡུལ།
གློག་འཕྲིན། zmlm2001@hotmail.com
ཁ་པར། 13893916383
སྐད་འཕྲིན། zmlm2001
སྤེལ་མཁན། ཚེ་རིང་དོན་གྲུབ། རྩོམ་འགན། ཚེ་མགོན།