ཉེ་ལམ། བོད་ལྗོངས་ཆབ་མདོ་ཁྱུང་པོ་སྟེང་ཆེན་དགོན་ཏུ། བོན་གྱི་སྟོན་པའི་བཀའ་འགྱུར་དང་། གྲུབ་དབང་ཤར་རྫའི་གསུང་འབུམ། ཡོངས་འཛིན་ཚུལ་རྒྱན་པའི་གསུང་འབུམ་སོགས་གསུང་རབ་སྣ་མང་འདུས་པའི་མཉེན་ཆས་ཀུན་སྣང་ཁྱབ་པ་ཤར་གཏོང་སྤེལ་བའི་མཛད་སྒོ་འཚོགས། དེ་ནི་དགོན་པ་དེ་གས་སྤྱི་ལོ་༢༠༠༢ལོ་ནས་དབུ་བཙུགས་ཤིང་<<གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང>>ཞེས་པའི་དཔེ་སྒྲིག་ཚན་པ་ཞིག་གཉེར་ནས། ད་བར་དངུལ་སྨར་སྒོར་བྱེ་བ་ལྷག་ལ་ཉེ་བ་བཏང་ནས་བོན་གྱི་དཔེ་ཆ་བཀའ་དང་བཀའ་བརྟེན་གསུང་འབུམ་སོགས་པོད་བདུན་བརྒྱ་ལ་ཉེ་བ་སོགས་ཞུས་བསྒྲིགས་འགྲེམ་སྤེལ་བྱས་པའི་འབྲས་བུ་ཡིན།སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༨ པའི་ཚེས་༢༧ ཉིན། དགོན་པ་དེའི་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་སམ་ཚོགས་གཉིས་རྒྱ་མཚོ་ནོར་བུ་རིན་པོ་ཆེས། རྒྱལ་ཕྱི་ནང་གི་དཔེ་ཀློག་པ་རྣམ་པས་བོད་གངས་ཅན་པའི་རིག་གཞུང་རྙིང་པ་བོན་གྱི་གཞུང་ལུགས་ཀྱི་རང་བཞིན་ངོ་མ་དེ་མཇལ་ཐུབ་པའི་ཆེད་དུ་དམིགས་ནས། བོན་གྱི་གསུང་རབ་སྣ་མང་འདུས་པའི་མཉེན་ཆས་ཀུན་སྣང་ཁྱབ་པ་༼GunLangQiaba༽ དྲ་ལམ་ནས་རིན་མེད་དུ་བོན་སྦྱིན་གནང་པ་དང་ཆབས་གཅིག ཞང་ཞུང་སྒོ་པའི་ཁྱུང་པོའི་ཁྲ་བྲིས་ཆེ་ཆུང་ཞེས་པའི་གནའ་བོའི་བོད་ཀྱི་ཡིག་གཟུགས་ཧི་མ་ལ་ཡའི་མཐེབ་གཞོང་ཅན་ཡིག་གཟུགས་སྣ་ཁ་གཉིས་རིན་མེད་དུ་འགྲེམ་སྤེལ་བྱས།མཉེན་ཆས་ཀུན་སྣང་ཁྱབ་པ་ཕབ་ལེན་བྱ་གནས། ཀུ་ཤུ་ཁ་པར་གྱི་ཀུ་ཤུ་བིམ་མཛོད་App Storeའདིའི་ནང་གི་འཚོལ་བཤེར་ནང་དུ་ GunLangQiaBa ཞེས་བཅུག་ནས་ཕབ་ལེན་བྱ་དགོས་པ་དང་། སྐར་གསུམ་ཁ་པར་སོགས་ཨམ་འགྲོ་མ་ལག་ཡིན་ན་འོག་གི་བཤེར་རིས་ཐོག་ནས་ཕབ་ལེན་བྱ་དགོས།
ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།
CopyRight © 2011-2025 BODYIG.NET 【མཉེན་ཆས་གླིང་།】
ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག