སྤྱི་ཟླ་༦ པའི་ཚེས་༢༢ ཉིན་གྱི་ཕྱི་དྲོར། རྨི་ལམ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་གཉེར་བའི་"རྨི་ལམ་ཀུང་སི་དབུ་བརྙེས་ནས་ལོ་ལྔ་འཁོར་བའི་གུས་ལེན་འདུ་འཛོམས་དང་རྨི་ལམ་རྩིས་འཁོར་ཡིག་གཟུགས་འགྲེམ་སྤེལ་ཚོགས་འདུ་"ལྷ་སའི་སྤྲོ་སྐྱིད་ཨར་ཁང་ཆེན་མོ་རུ་ཚོགས་ཤིང་།ཐེངས་འདིའི་བྱེད་སྒོར་སྤྱི་ཚོགས་ལས་རིགས་ཁག་གི་འབྲེལ་ཡོད་མི་སྣ་ ༢༠༠ ལྷག་ཞུགས་ཡོད།
6月22日下午,由迷蓝文化传播有限公司公司举办的“迷蓝成立五周年答谢会暨迷蓝藏文艺术字体发布会”在拉萨洲际大酒店举办。 此次参加活动的社会相关人士共200余人出席。
ཚོགས་འདུའི་ཐོག་བོད་ཀྱི་ཡིག་གཟུགས་མཁས་པ་བསྟན་འཛིན་ལགས་ནས་གལ་ཆེའི་གསུང་བཤད་གནང་སྟེ། རྨི་ལམ་རྩིས་འཁོར་ཡིག་གཟུགས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། དམངས་གཉེར་ཁེ་ལས་ལ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་སྤྱི་ཚོགས་དེའི་རིག་གནས་དར་རྒྱས་ཀྱི་འགན་འཁྲིའི་ཁུར་སེམས་དགོས་པའི་རེ་བའང་བཏོན།
会上西藏著名书法家旦增发表了重要的讲话,高度赞赏了迷蓝藏文艺术字体,并希望民营企业要坚定文化自信,肩负社会文化兴盛的责任感和使命感。
བཀྲ་ཤིས་ཞོལ་པའི་ལྷ་མོའི་འཁྲབ་སྟོན་ཁྲོད་ནས་འགྲེམ་སྤེལ་ཚོགས་འདུ་འགོ་ཚུགས་ལ། ཡིག་གཟུགས་འགྲེམ་སྤེལ། རྨི་ལམ་གྱོན་ཆས་ཀྱི་ཤོམ་སྟོན། ཨོ་ལོ་ལོ་བྱིས་པའི་གྱོན་ཆས་ཀྱི་ཤོམ་སྟོན། གཞས་པ་རྟ་མགྲིན་ནོར་བུའི་གླུ་ལེན་ལ་སོགས་པའི་ལེ་ཚན་རིམ་པ་ལྟར་བཀོད་སྒྲིག་ཞུས་ཡོད། དེའི་ཁྲོད་ནས་ཆེས་འབུར་དུ་ཐོན་པ་ནི་ཡིག་གཟུགས་འགྲེམ་སྤེལ་གྱི་ལེའུ་དེ་རེད།
发布会从扎西雪吧藏戏中拉开了序幕,并安排了字体发布、迷蓝服装走秀、噢喽喽童装走秀、歌手旦真罗布倾情的演唱等环节。其中,字体发布环节为整个发布会的最大亮点 。
རྨི་ལམ་ཀུང་སིའི་སྤྱི་གཉེར་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གསུངས་དོན། ཀུང་སིས་ཐོག་མཐའ་བར་གསུམ་དུ་ཚད་དང་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་རྩ་བའི་ལས་འགན་དུ་བྱས་ཤིང་། རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་དང་ལས་འདེམས་ཀྱི་གོ་སྐབས་སྐྲུན་ཡོད། མིག་སྔར་ངེད་ཀུང་སིར་ལས་ཞུགས་མི་སྣ་ ༣༤ ཡོད་པའི་ནང་སློབ་ཆེན་སློབ་མ་༢༧ ཡོད། འདས་པའི་ལོ་ངོ་གསུམ་རིང་ཀུང་སིས་བོད་ཡིག་སྒྱུ་རྩལ་གྱི་ཡིག་གཟུགས་ཞིབ་འཇུག་དང་གསར་སྤེལ་ལ་ཕུར་ཚུགས་སུ་ཞུགས་ཤིང་། སྔར་ནས་ད་བར་མི་དམངས་ལྟེ་བར་བྱས་པའི་གསར་རྩོམ་ལ་ཕྱོགས་ཏེ། དུས་རབས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་གི་བརྩམས་ཆོས་གསར་རྩོམ་ལ་གཞོལ་ཡོད། ད་ཐེངས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཡིག་གཟུགས་སྣ་ཁ་༡༤འགྲེལ་སྤེལ་བྱས་པར། དབྱེ་ན་རིགས་གཉིས་ཏེ་སྲོལ་རྒྱུན་གྱི་ཡིག་གཟུགས་དང་སྒྱུ་རྩལ་གྱི་ཡིག་གཟུགས་སོ། ཡིག་གཟུགས་ལ་རྟོག་ཞིབ་དང་དེ་ཉིད་འཚོལ་བསྡུ། གསར་སྤེལ། རྩོམ་སྒྲིག་ནས་གཏག་འཇུག་བར་གྱི་ལས་གཞི་ཧྲིལ་པོར་དུས་ཡུན་ལོ་གསུམ་ལ་ཉེ་བར་སྤྱད། དེ་ཡང་བསམ་ཡས་རྡོ་རིང་གི་ཡིག་གཟུགས་དང་པོ་ཏ་ལའི་ལྡེབས་རིས་ཀྱི་ཡིག་གཟུགས་ལ་སོགས་གཞིར་བཟུང་ཡོད།
迷蓝公司董事长次仁扎西表示,公司始终把培养合格社会主义建设者和接班人作为根本任务,为广大高校毕业生提供就业择业平台,目前我公司就业带动34人,其中大学生占27人。在过去三年的时间里公司专注于藏文艺术体的研发,始终秉承以人民为中心的创作导向,坚持创作无愧于时代的优秀作品,此次面向社会共发布了14种字体,分为两种类型:传统型字体与艺术型字体,整个字体的考察、收集、研发、编辑到录入,工程为期将近三年左右,其参考了桑耶寺的石碑字体及布达拉宫的壁画字体等。
ཕྱིས་ཀྱི་རིག་གནས་ཐོན་རྫས་གསར་སྤེལ་དང་ཇུས་འགོད་ཁྲོད། རྨི་ལམ་ཀུང་སིས་ནམ་ཡང་རིག་གནས་ཐོན་རྫས་ཀྱི་བེད་སྤྱོད་རང་བཞིན་དང་དུས་རབས་རང་བཞིན་གཙོ་བོར་བྱས་ཏེ། བོད་ཀྱི་རིག་གནས་ཐོན་རྫས་ལ་སྤུས་དག་པའི་འཕེལ་རྒྱས་གཏོང་རྒྱུ་ཡིན། །
在今后的文创产品开发和设计中,迷蓝公司始终坚持文创产品的实用性和时代性,参与西藏文化产品的高质量发展中。
ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།
CopyRight © 2011-2025 BODYIG.NET 【མཉེན་ཆས་གླིང་།】
ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག