ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ་༢༠༡༧ལོའི་དྲ་བའི་ཉེས་བསགས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བའི་རིང་། དབང་ཆར་བཙན་གནོད་དང་པར་མ་བརྐུ་མ་རྒྱག་པའི་དྲ་ཚིགས་༢༥༠༠ལས་བརྒལ་བ་སྒོ་རྒྱག་ཏུ་བཅུག་པ་དང་། དབང་ཆར་བཙན་གནོད་དང་པར་མ་བརྐུ་མ་རྒྱག་པའི་སྦྲེལ་མཐུད་དྲ་ཚིགས་བདུན་འབུམ་ཆིག་ཁྲི་སུབ་པ། ད་དུང་དྲ་ཚིགས་གཙོ་བོ་ཁག་ཅིག་གི་པར་པའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱབ་པ་དང་། དུས་མཚུངས་སུ་བརྩམས་བྱ་གཙོ་བོ་ཁག་ཅིག་གི་པར་མའི་དབང་ཆར་སྲུང་སྐྱོབ་ཉེན་བརྡ་བཏང་ཡོད་པ་རེད།
རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་པར་དབང་དོ་དམ་སེའི་འགོ་འཛིན་ཡུས་ཚེ་ཁཱ་ཡིས། རིམ་ཁག་པར་དབང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཚན་པས་རིགས་དབྱེ་ནས་དོ་དམ་བྱེད་པ་དང་། བརྙན་མཐོང་དང་། གསར་འགྱུར། APP གློག་རྡུལ་ཚོང་དོན་སྟེགས་བུ་སོགས་ཁྱབ་ཁོངས་གཙོ་བོ་རྣམས་ལ་ཆེད་དོན་བཅོས་སྒྲིག་བྱས་པ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་སྤྱི་ལོ་༢༠༡༧ལོའི་དཔྱིད་གསར་དགོང་ཚོགས་དང་། དེ་བཞིན་རྒྱལ་ཐོན་གློག་བརྙན་རྩེ་གྲ་རྣམས་ལ་ཆེད་དོན་སྲུང་སྐྱོབ་བྱས་པ། པར་མ་བརྐུ་མ་རྒྱབ་པའི་སྦྲེལ་མཐུད་དྲ་ཚིགས་ཉིས་ཁྲི་བཞི་སྟོང་ལྷག་དྲ་སྒོ་རྒྱབ་པ་བཅས་བྱས་ཡོད་ཅེས་བསྟན་ཡོད་པ་རེད།
སྤེལ་མཁན། ཚེ་རིང་དོན་གྲུབ། རྩོམ་འགན། ཚེ་མགོན།