ཉི་འོད་ཡིག་སྒྱུར།_ངོ་སྤྲོད།
ཉི་འོད་བོད་རྒྱའི་འཕྲུལ་ཆས་ཡིག་སྒྱུར་མ་ལག་གི་བེད་སྤྱོད་བྱེད་སྟངས།
༡ ཉི་འོད་བོད་རྒྱའི་འཕྲུལ་ཆས་ཡིག་སྒྱུར་མ་ལག་ལ་བོད་ཡིག་ནས་རྒྱ་ཡིག་དང་རྒྱ་ཡིག་ནས་བོད་ཡིག་གི་ཡིག་སྒྱུར་བྱེད་སྟངས་རིགས་གཉིས་ཡོད། ཐོག་མའི་ཡིག་སྒྱུར་བྱེད་སྟངས་ནི་བོད་ཡིག་ནས་རྒྱ་ཡིག་གི་ཡིག་སྒྱུར་བྱེད་སྟངས་དེ་ཡིན། བེད་སྤྱོད་གནང་མཁན་ཚོས་དཔེ་རིས་འདི་མནན་ནས་ཡིག་སྒྱུར་བྱེད་སྟངས་བརྗེ་ཆོག
༢ བསྒྱུར་བྱ་དེ་མ་ལག་མཐུད་མཚམས་ཀྱི་གཡོན་ངོས་སུ་བླུགས་པའི་རྗེས་སུ་དཔེ་རིས་འདི་མནན་ན་མ་ལག་མཐུད་མཚམས་གཡས་ངོས་སུ་ཡིག་སྒྱུར་མཇུག་འབྲས་ཐོན་ཐུབ། ཡིག་སྒྱུར་མཇུག་འབྲས་ལ་དག་བཅོས་བྱ་མི་ཐུབ་རུང་འདྲ་བཟོ་བྱས་ཆོག
༣ ཉི་འོད་བོད་རྒྱའི་འཕྲུལ་ཆས་ཡིག་སྒྱུར་མ་ལག་གིས་ GB16959-1997《ཆ་འཕྲིན་ལག་རྩལ། ཆ་འཕྲིན་བརྗེ་རེས་ལ་བཀོལ་བའི་བོད་ཡིག་ཨང་སྒྲིག་ཡིག་རྟགས་འདུས། གཞི་རྩའི་འདུས།》རྒྱལ་ཁབ་ཀྱི་ཚད་གཞི་དང་ (ISO 10646,Unicode)རྒྱལ་སྤྱིའི་ཚད་གཞི་ལ་བརྩི་སྲུང་བྱས་ཡོད། བསྒྱུར་བྱ་ངེས་པར་དུ་ཚད་གཞི་འདི་དང་མཐུན་པ་ཡིན་དགོས།
༤ བེད་སྤྱོད་མཁན་རྣམས་ཀྱིས་ཤེས་གསལ་ལྟར། ཡིག་སྒྱུར་མཇུག་འབྲས་འགྲིག་མིན་དེ་བསྒྱུར་བྱར་ཡིག་ནོར་ཡོད་མེད་དང་འབྲེལ་བ་དམ་པོ་ཡོད་པས། ང་ཚོས་བོད་ཡིག་སྦྱོར་ཀློག་རྣམ་པའི་སྐད་བརྡ་རྨང་གཞི་བྱས་ནས་ཡིག་ནོར་དག་བཅོས་མ་ལག་ཅིག་གསར་སྤེལ་བྱས་ཡོད། བེད་སྤྱོད་མཁན་རྣམས་ཀྱིས་ཕབ་ལེན་ བྱས་ཏེ་བཀོལ་སྤྱོད་བྱས་ཆོག
༥ བེད་སྤྱོད་ཐབས་ཤེས།
( ༡ ) ཉི་འོད་བོད་རྒྱའི་འཕྲུལ་ཆས་ཡིག་སྒྱུར་མ་ལག་ནི་ཚིག་ཐུང་གི་སྡོམ་རྩིས་ལ་བརྟེན་པའི་འཕྲུལ་ཆས་ཡིག་སྒྱུར་མ་ལག་ཅིག་ཡིན་པས། མ་ལག་དེས་ཚིག་ཐུང་ཡིག་སྒྱུར་བྱས་པའི་མཇུག་འབྲས་ཅུང་ཆ་ཚང་བ་ཡོད། བསྒྱུར་བྱའི་ནང་དོན་ཅུང་མང་པོ་ཡོད་དུས་ཚིག་ཐུང་ངུར་རེ་རེ་ཡིག་སྒྱུར་བྱས་ན་ལེགས། ( ༢ ) ཉི་འོད་བོད་རྒྱའི་འཕྲུལ་ཆས་ཡིག་སྒྱུར་མ་ལག་གི་མིང་གཅོད་སྒྲིག་སྲོལ་སོགས་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་མིའི་མིང་དང་། ས་མིང་། ཆེད་སྤྱོད་ཐ་སྙད། བསྡུས་མིང་སོགས་ཡིག་སྒྱུར་བྱེད་དུས་ཡིག་སྒྱུར་མཇུག་འབྲས་ལ་སྐབས་རེ་ནོར་འཁྲུལ་དང་། སྐབས་རེ་སྒྱུར་མི་ཐུབ་པའི་གནས་དོན་ཐོན། འདིའི་སྐབས་སུ་བེད་སྤྱོད་མཁན་ཚོས་མིའི་མིང་དང་། ས་མིང་། ཆེད་སྤྱོད་ཐ་སྙད། བསྡུས་མིང་སོགས་ཁ་བཀྲོལ་བའམ་ཡང་ན་སྦྱོར་ཚིག་སྦྱར་རྗེས་ཡང་བསྐྱར་ཡིག་བསྒྱུར་བྱ་དགོས། དཔེར་ན། རྒྱ་ཡིག་གི་ “ 机器翻译 ” བོད་ཡིག་ལ་ཐད་ཀར་དུ་བསྒྱུར་མི་ཐུབ། ཡིན་ནའང་། “ 机器 ” དང་ “ 翻译 ”བར་དུ་སྦྱོར་ཚིག་ “ 的 ” སྦྱར་རྗེས་ཡང་བསྐྱར་ཡིག་བསྒྱུར་བྱས་ན་ “ 机器的翻译 ” དེའི་ཡིག་སྒྱུར་མཇུག་འབྲས་ནི་ “འཕྲུལ་ཆས་ཡིག་སྒྱུར།”ཡིན། ཡང་དཔེར་ན། “ བསོད་ནམས་ཚེ་རིང་། ” རྒྱ་ཡིག་ལ་ཐད་ཀར་དུ་བསྒྱུར་མི་ཐུབ། འོན་ཀྱང་ “བསོད་ནམས་ཚེ་རིང་།”དེ་ “ བསོད་ནམས་ ” དང་ “ ཚེ་རིང་། ” གཉིས་སུ་དབྱེ་བའམ་ཡང་ན་ “ བསོད་ནམས་ ” དང་ “ ཚེ་རིང་། ”གཉིས་ཀྱི་བར་ལ་སྟོང་མིག་བཅུགས་ན། “ བསོད་ནམས་ཚེ་རིང་། ”གི་ཡིག་སྒྱུར་མཇུག་འབྲས་ནི་ “ 索南 ” དང་ “ 次仁 ” ཡང་ན་ “ 索南 次仁 ” ཡིན། བེད་སྤྱོད་མཁན་ཚོས་གོང་གི་བྱེད་ཐབས་འདི་དག་བརྒྱུད་དེ་ད་དུང་བྱེད་ཐབས་གཞན་པ་བཙལ་ནས་ཡིག་བསྒྱུར་བྱས་ཆོག ང་ཚོས་ལག་ལེན་གྱི་ཁྲོད་དུ་ཉི་འོད་བོད་རྒྱའི་འཕྲུལ་ཆས་ཡིག་སྒྱུར་མ་ལག་གི་བྱེད་ནུས་རྒྱུན་ཆད་མེད་པར་འཐུས་གོ་ཇེ་ཚང་དང་ཇེ་ལེགས་སུ་གཏོང་རྒྱུ་མ་ཟད། མ་ལག་རིམ་སྤར་ཡང་བྱ་རྒྱུ་ཡིན།
¥
རྒྱབ་སྐྱོར།
བཤེར་རིས་ནས་དངུལ་སྤྲད་ཆོག་གོ
打开支付宝扫一扫,即可进行扫码打赏哦
གོངགི་བཤེར་རིས་ནས་འཐབ་ར་འདིར་རྒྱབ་སྐྱོར་གནང་བ།