རྒྱབ་སྐྱོར།
༄༅།། ཡིག་མཛོད་འདིས་ཡང་བོད་ཀྱི་སྲོལ་རྒྱུན་དབུ་ཅན་བྲི་ལུགས་ཞིག་གི་གཟུགས་རིས་མི་ཉམས་པའི་ཆེད་དུ་དམིགས་ཏེ། བླ་བྲང་དགོན་པའི་ཡིག་མཁན་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་མ་ཕྱི་བྲིས་པ་དང་། བོད་ཡིག་མཉེན་ཆས་གླིང་གས་རྩིས་འཁོར་དུ་བཅུག་པ་ཡིན། དེ་ཡང་། ང་ཚོ་ལ་ཡིག་གཟུགས་བཟོ་པའི་ཉམས་མྱོང་ཅུང་ཟད་ཞན་པའམ་དུས་ཀྱིས་མ་ལོང་བ་སོགས་ཀྱིས་རྐྱེན་དུ་མས། བྲི་ལུགས་དེའི་གཟུགས་རིས་ཇི་མ་ཇི་བཞིན་ཞིག་འཁྱོངས་མེད་མོད། ཕྱིས་སུའང་ང་ཚོས་མུ་མཐུད་དུ་བཟོ་རྩལ་ཇེ་མཐོར་གཏོང་བཞིན་ཡིག་མཛོད་འདིའི་སྤུས་ཀ་ཇེ་ལེགས་སུ་གཏོང་མུས་ཡིན་ལ། ད་ཐེངས་ཀྱི་པར་ཐེངས་འདི་ཆེས་མཐའ་མཇུག་གི་པར་ཐེངས་མིན་པ་བཅས་བསྒྲགས་པ་ཡིན། འདིས་ཀྱང་བོད་ཀྱི་ཡིག་གཟུགས་ཀྱི་བསྟན་པ་དར་བར་དགེའོ།
རྒྱབ་སྐྱོར།
CopyRight © 2011-2025 BODYIG.NET 【མཉེན་ཆས་གླིང་།】
ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ་ངེས་བར་དུ་ངེད་ཅག་ལ་ཞུ་བ་དང་། ངེད་ཅག་གིས་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག