བབས་གནས།  དབུ་ངོས།སྐབས་དོན། མཉེན་ཆས་སྐོར། → བོད་ཡིག་ཅན་གྱི་Photoshopདྲ་ཐོག་པར་གཞིPhotopea

བོད་ཡིག་ཅན་གྱི་Photoshopདྲ་ཐོག་པར་གཞིPhotopea

ཡོང་ཁུངས། དྲ་རྒྱ། རྩོམ་པ་པོ། མཉེན་ཆས་གླིང་། སྤེལ་དུས། 12-09ཀློག་གྲངས།
  • རིགས་ཁུངས། ཀུ་ཤུའི་མ་ལག ཆེ་ཆུང་། 0 MB སྐད་རིགས། བོད་སྐད། ཐོབ་སྐར། 2
ཐད་ཀར་ཕབ་ལེན།

 

༣༤༢༣༤༢༣༤.jpg

Photopea.com ཟེར་བའི་དྲ་གནས་འདི་ནི་དྲ་ཐོག་པར་བཟོའི་མཉེན་ཆས་ཤིག་ཡིན་པ་དང་། ལས་ཀ་བྱེད་པའི་སྐབས photoshop ནང་བྱས་པ་དང་གཅིག་མཚུངས་འདུག ། བདུན་ཕྲག་གཅིག་ཙམ་སྔོན་ཚོད་ལྟ་བྱས་པའི་སྐབས་པར་བཟོའི་ལས་ཀ་སྟབས་པོ་ཡོང་ཐུབ་པ་དང། photoshop སྦྱོང་མཁན་དང་བེད་སྤྱོད་བྱེད་མཁན་རྣམས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཞིག་ཏུ་མཐོང་། མཉེན་ཆས་འདིས་ PSD, PDF དེ་བཞིན་པར་རིགས་ཀྱི་ཡིག་ཆ་སྣ་ཚོགས་ཁ་ཕྱེ་ཐུབ་པ་དང་བཟོ་སྒྲིག་བྱེད་ཐུབ། Photoshop ནང་ཡོད་པའི་ལག་ཆ་དང layer, effects, blend mode, Mask, Filter སོགས་གལ་ཆེའི་ལག་ཆ་དེ་དག་ཀྱང་ལྡན་འདུག

མཉེན་ཆས་འདིས་དེ་སྔོན་པར་བཟོ་གཞི་ཅི་རིགས་ཐུབ་མོད་འོན་ཀྱང་བོད་ཡིག་གཏགས་སྐབས་བོད་ཡིག་མི་འཆར་བ་དང་། འཆར་ཡང་བརྩེགས་འདོག་ལེགས་པོ་མི་ཡོང་བ་སོགས་ཀྱི་དཀའ་ངལ་འདུག ། དེར་བརྟེན་རྒན་བསོད་ནམས་ཟླ་བ་མཆོག་གིས་དྲ་ཚིགས་འདི་བཟོ་མཁན་དང་གློག་འཕྲིན་བརྒྱུད་འབྲེལ་བ་ཐེངས་མང་བྱས་ནས་ད་ཆ་བོད་ཡིག་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཐོབ་པ་བྱུང་།

མཉེན་ཆས་དེའི་དམིགས་བསལ་ཁྱད་ཆོས་ནི་རིན་མེད་དུ་སྤྱོད་ཆོག་པ་དང་། གློག་ཀླད་ནང་སྒྲིག་འཇུག་དམིགས་བསལ་བྱེད་མི་དགོས། ཁྱེད་ལ་དགོས་པ་ནི་དྲ་ཚིགས་བལྟ་སའི་དྲ་མྱུལ་མཉེན་ཆས Chrome དང་དེ་ནས་དྲ་རྒྱ་ཡོད་ན་འགྲིག །ཁྱེད་ཀྱིས་དྲ་ཚིགས་ཁ་བྱང www.photopea.com བཀོལ་ནས་གཟིགས་དང་མཉེན་ཆས་དེ་ཐད་ཀར་སོ་སོའི་གློག་ཀླད་ཀྱི་ངོས་དང་། ཁ་པར། དེ་བཞིན་ipadཡི་ངོས་སུ་འཆར་ཐུབ།

སྤེལ་མཁན། ཚེ་རིང་དོན་གྲུབ།   རྩོམ་འགན། ཚེ་མགོན།

ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།

CopyRight © 2011-2025 BODYIG.NET 【མཉེན་ཆས་གླིང་།】

ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག