[གནད་བཏུས] འདིར་བོད་ཡིག་ཨང་ཡིག་གི་བྱུང་རིམ་དང་གཏན་ལ་ཕབ་ཚུལ་གྱི་ལོ་རྒྱུས་དང་འབྲེལ་ཏེ། བོད་ཡིག་གི་མ་ཡིག་ཏུ་འཛིན་པའི་ལཉྫ་དང་ཝརྟུའི་ཡི་གེའི་གྲངས་དང་ཨང་ཡིག་གཏན་ལ་ཇི་ལྟར་ཕབ་ཚུལ། ལཉྫ་དང་ཝརྟུའི་ཡི་གེའི་བྱུང་འཕེལ་དང་བོད་ཀྱི་རིག་གནས་ལ་ཐེབས་པའི་ཤན་ཤུགས།དེ་དག་ཆ་འཕྲིན་ཁྱབ་ཁོངས་སུ་སྡུད་པའི་བྱེད་ཐབས་དང་སྡུད་དགོས་པའི་གལ་ཆེའི་རང་བཞིན་སྐོར་ཅུང་ཙམ་བརྗོད་ཡོད།
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden[གནད་ཚིག] བོད་ཡིག་གི་ཨང་ཡིག ། ལཉྫ་དང་ཝརྟུའི་ཡི་གེ། བྱུང་འཕེལ། ཆ་འཕྲིན། གལ་ཆེའི་རང་བཞིན།
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden[ཀྲུང་གོའི་དཔེ་དེབ་དབྱེ་རྟགས] H2[ཡིག་ཚང་མཚོན་རྟགས]A [རྩོམ་ཡིག་རིམ་ཨང] 2095-0039-2016-01-0001-24
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden མིའི་རིགས་རྩིས་འཁོར་དང་དྲ་བ་གཙོ་བྱས་པའི་ཆ་འཕྲིན་དུས་རབས་སུ་བསྐྱོད་པ་ནས་བཟུང་། གནའ་བོའི་ཤེས་རིག་གིས་ཕྱུག་པའི་སྐད་དང་ཡིག་རིགས་མང་པོ་འཇིག་པའི་ཉེན་ཁ་ཆེན་པོ་ལྷགས་ཀྱིན་ཡོད་པར་མ་ཟད། རིམ་བཞིན་དེའི་གཞི་རྩའི་ནུས་པ་ཤོར་དུས། དུས་རབས་ཀྱིས་འདོར་སྲིད་པའི་ཉེན་ཁ་ཡང་གནས་སྲིད། བསྡོམས་རྩིས་བྱས་པ་ལྟར་ན། ཆ་འཕྲིན་ཁྱབ་ཁོངས་ཁྲོད་དུ80%ཡན་གྱི་ཆ་འཕྲིན་ནི་སྐད་དང་ཡི་གེའི་ལུས་ཀྱིས་གྲུབ་པ་ཡིན་ལ། ཆ་འཕྲིན་དེ་དག་གི་ནང་འཇུག་ཕྱིར་གཏོང་དང་། ཡིག་ཆ་དག་བཅོས། ཆ་འཕྲིན་རིགས་དབྱེ། ཆ་འཕྲིན་ལེན་པ་དང་གཟིགས་ཞིབ། ཡིག་བསྒྱུར་སོགས་སྐད་ཆའི་ལས་ཀ་ཚང་མ་རྒྱལ་དམངས་དཔལ་འབྱོར་དང་རྒྱལ་སྲུང་ཆ་འཕྲིན་འཛུགས་སྐྲུན་གྱི་རྨང་གཞི་གཙོ་བོ་གྱུར་པས། བོད་ཡིག་གི་ཆ་འཕྲིན་ཡང་བོད་ཀྱི་སྐད་དང་ཡི་གེ་དང་བྲལ་ཚེ། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་དངོས་ཡོད་ནུས་པའི་ཐོབ་ཤོར་བློ་ཡུལ་ལས་འགོང་བ་ཞིག་ཡིན་པ་མ་ཟད། བོད་ཀྱི་དཔལ་འབྱོར་དང་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ཐད་ཀར་ཤན་ཤུགས་ངེས་ཅན་ཐེབས་སྲིད།
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden སྤྱིར་ན་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ནི་རྩིས་འཁོར་ལ་བརྟེན་ཏེ་བོད་སྐད(ཡིག་སྐད་དང་ཁ་སྐད་ཀྱང་འདུ)ཆ་འཕྲིན་ཐག་གཅོད་བྱ་རྒྱུ་དེ་ཡིན་ལ། དེའི་ལག་རྩལ་གྱི་གཞི་བོད་ཡིག་གི་གཞི་རྩའི་ཆོས་ཉིད་ལ་ཞིབ་འཇུག་བྱ་རྒྱུ་དེ་རེད། དེའི་ཁྱབ་རྒྱ་ཆེ་ལ། གཙོ་བོ་ཡིག་མཛོད། ཡིག་རིམ། ཡིག་མིང་། དེ་འབྲེལ་གྱི་ཆོས་ཉིད་གཏན་ལ་ཕབ་པ་སོགས་བོད་ཡིག་གི་ཡིག་རྟགས་གཏན་ལ་ཕབ་སྟེ། དེ་འབྲེལ་གྱིས་ཚད་གཞིའི་ཨང་ཡིག་འཇོག་པ་དང་། བོད་ཡིག་གི་གྲངས་ཚད་དང་གོ་རིམ།རྒྱུགས་ཚད། ཡིག་གཟུགས། ཡི་གེའི་གྲུབ་ཚུལ་སོགས་ལ་ཞིབ་འཇུག་བྱ་རྒྱུ་རྨང་གཞིར་བཟུང་ནས་བོད་ཡིག་གིISOརྒྱལ་སྤྱིའི་ཚད་གཞིའི(ISO国际标准) ཡི་གེ་དང་། རྒྱལ་ཁབ་ཚད་གཞིའི་ཡི་གེ་གཏན་ལ་ཕབ་པ་སོགས་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་གྱི་རྨང་གཞིའི་བྱ་བ་སྒྲུབ་པ་དང་། ལྷག་པར་བོད་ཡིག་གི་ཆ་འཕྲིན་སྒྲིག་གཅོད་ཀྱི་རྒྱུད་ཁུངས་ལ་བརྟེན་ཏེ། མིང་གི་སྡོམ་རྩིས་དང། རང་འགུལ་གྱིས་རིགས་དབྱེ། ཆ་འཕྲིན་འཚོལ་སྡུད། ཞིབ་བཤེར། སྐད་རིགས་བར་གྱི་ཡིག་བསྒྱུར། མིང་མཛོད་ཀྱིས་རང་འགུལ་འཚོལ་ཞིབ། རྩོམ་སྒྲིག་རང་འགུལ་དག་བཅོས་སོགས་བོད་ཡིག་ཆ་འཕྲིན་བྱ་བ་རང་འགུལ་ཅན་དུ་བསྒྱུར་བར་ཤིན་ཏུ་མཁོ་བར་མ་ཟད། མིང་མཛོད་དང་སྨྱན་མང་འདུས་གཟུགས། སྐད་ཡིག་སློབ་གསོའི་ཕྱོགས་སུའང་ཕན་ནུས་ཆེན་པོ་ཡོད།
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden བོད་ཡིག་གི་སྐྱེད་ཡུམ་ལྟར་གྱུར་ཡོད་པའི་ལཉྫ་དང་ཝརྟུའི་ཡི་གེ་འདི་ནི་བོད་ཀྱི་དེབ་ཐེར་དག་ཏུ་ཡིག་རིགས་དྲུག་ཅུ་རྩ་བཞིའི་བྱེ་བྲག་ཅིག་ཏུ་ངོས་བཟུང་ཡོད་དེ། དགེ་ཆོས་ཀྱི《གཏམ་རྒྱུད་གསེར་གྱི་ཐང་མ》རུ་དེ་ཐམས་ཅད་ཕལ་ཆེར་གྱི་དང་པོའི་ཕྱི་མོའམ་འབྱུང་ཁུངས་ནི་སྟོན་པའི་སྐུ་དུས་ཙ་ན་བྱུང་བའི་རྒྱ་གར་དབུས་ཀྱི་ཡི་གེ་འདི་ཡིན་པར་མཐོང་ལ། འདི་ལ་དེང་སང་བྲམ་ཟེའི་ཡི་གེའམ་ཚངས་པའི་ཡི་གེར་འབོད་དོ། །དེ་ལས་རིམ་གྱིས་ཡཝནའི་ཡི་གེ་བྱུང་ཞིང་། དེ་ལས་རོ་མན་སོགས་ཀྱི་ཡི་གེ་འཕེལ་བའི་ཕྱི་གླིང་འཇར་མན།ཨུ་རུ་སུ་སོགས་ཐམས་ཅད་ཀྱི་ཡི་གེ་འདི་ཡིན་ལ། གཞན་དེ་རུ། རང་རེའི་བོད་དང་། ཤྱམ། བྷར་མ། སིངྒ་ལ་སོགས་ཀྱང་ཡི་གེ་འདི་ལས་བྱས་པ་ཡིན་པས་འཛམ་བུ་གླིང་འདིར་རྒྱ་ནག་དང་། ཧེ་ཙིའི་ཡི་གེ་བསལ་བའི་ལྷག་མའི་ཡིག་རིགས་ཇི་སྙེད་པ་ཐམས་ཅད་ཀྱི་རྩ་བ་གཅིག་ཏུ་ཤེས་སོ། ཞེས་འཛམ་གླིང་གི་ཡིག་རིགས་མང་པོའི་ཁུངས་དེ་ཚངས་པའི་ཡི་གེའམ་ལཉྫདང་ཝརྟུའི་ཡི་གེ་འདི་ཡིན་པར་བསྟན་ཡོད་པས་ན། ད་ལྟ་ཡིག་རིགས་འདི་དག་ལ་ཧི་མ་ལ་ཡའི་རྩ་བརྒྱུད་ཀྱི་ཡིག་རིགས་ཞེས་ཀྱང་འབོད་ཀྱིན་ཡོད་ཟེར། ཡིད་ཕམ་པ་ཞིག་ལ་རྒྱ་གར་འཕགས་པའི་ཡུལ་དུ་ཡི་གེ་འདིའི་གཟུགས་རིས་འཇིག་ནས་ལོ་རྒྱུས་ཀྱི་གཏམ་རྒྱུད་ལྟ་བུར་གྱུར་མོད། བོད་གངས་ཅན་གྱི་ཡུལ་དུ་རྒྱ་གར་གྱི་བརྡ་སྤྲོད་པའི་བསྟན་བཅོས་ཀཱ་ཙཱན་དབྱངས་གསུམ་དང་སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་སོགས་ཀྱི་འཆད་ཉན་མ་ཉམས་པར་འཛིན་སྐྱོང་བྱེད་པའི་སྲོལ་བཟང་པོ་ཡོད་པར་མ་ཟད། ལཉྫ་དང་ཝརྟུའི་ངོས་ནས་བྲིས་པའི་རྒྱ་གར་གྱི་གནའ་བོའི་དཔེ་རྙིང་མང་པོ་རྒྱལ་ལྷ་ཁང་དང་བྱང་རྭ་སྒྲེང་སོགས་སུ་བཞུགས་ཞེས་དགེ་ཆོས་ཀྱི《གཏམ་རྒྱུད་གསེར་གྱི་ཐང་མ》རུ་བཀོད་ཡོད་ལ། ཡང་སྐུ་འབུམ་དང་བླ་བྲང་སྡེ་དགེ་སོགས་སུ《འཇམ་དཔལ་མཚན་བརྗོད》དང《བརྒྱད་སྟོང་སུམ་བིད་མ》ལྟ་བུའི་ལཉྫ་དང་ཝརྟུའི་མ་ཡིག་གི་གླེགས་བམ་དང་ཤིང་དཔར་སོགས་ཤིན་ཏུ་མང་ལ། གཞན་རང་རེའི་ཉེ་འཁོར་གྱི་གཙུག་ལག་ཁང་དང་ཁྱིམ་པའི་མཆོད་ཁང་གི་མཛེས་རིས་སོགས་སུའང་ལེགས་སྦྱར་ལྷའི་ཡི་གེ་ཞེས་རྒྱུན་པར་མཇལ་རྒྱུ་ཡོད་པས། དེང་གི་དུས་འདིར་གནའ་བོའི་རྒྱ་གར་གྱི་ལཉྫ་དང་ཝརྟུའི་ཡི་གེ་ཉིད་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་མངོན་སུམ་མོ། །མཐུག་ཀྱང་སྦོམ་ལ་མཛེས་ཉམས་འབུར་དུ་ཐོན་པའི་ལཉྫ་དང་ཝརྟུའི་ཡི་གེ་འདི་དག་རྩིས་འཁོར་དུ་སྡུད་ཐུབ་ཚེ།འཛམ་གླིང་གི་རིག་གནས་སྲུང་སྐྱོབ་དང་ཉར་ཚགས། བོད་ཀྱི་རིག་གནས་ཞིབ་འཇུག་དང་ནང་བསྟན་རིག་གནས་མ་ཉམས་གོང་འཕེལ་ལ་ཕྱག་རྗེས་ཆེན་པོ་སྐྲུན་ཐུབ་ལ། བོད་ཡིག་གི་མནའ་དཔེའི་དཔྱད་གཞིའི་ཡིག་རིགས་སློབ་སྦྱོང་དང་ཞིབ་འཇུག་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། འཛམ་80གླིང་གི་ཡིག་རིགས་མང་པོར་ཞིབ་འཇུག་བྱེད་པར་རིག་གཞུང་གི་རིན་ཐང་དང་དཔལ་འབྱོར་རིན་ཐང་། བོད་རིག་པའི་ཤེས་བྱའི་བདག་དབང་དང་བེད་སྤྱོད་སོགས་སུའང་རིན་ཐང་ཆེན་པོ་ཡོད།
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden དེའི་ཕྱིར། བོད་ཡིག་གི་ཆ་འཕྲིན་སྒྲིག་གཅོད་ལས། བོད་ཡིག་གི་གཞི་རྩའི་ཡི་གེའམ་ཡིག་རྟགས། རྒྱལ་སྤྱི་དང་རྒྱལ་ཁབ་ཚད་གཞིའི་ཡི་གེ་གཏན་ལ་ཕབ་ཚུལ་སོགས་ལས་འཕྲོས་ཏེ། གཙོ་བོ་ལཉྫ་དང་ཝརྟུའི་ཡི་གེ་ཆ་འཕྲིན་དུ་བསྡུས་ནས་ཀློག་རྡུལ་ཡིག་མཛོད་ཀྱི་བཟོ་ཚུལ་སྐོར་རགས་ཙམ་བརྗོད་པར་བྱ་བ་ལ།
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Gardenདང་པོ། བོད་ཡིག་ཨང་ཡིག་གི་བྱུང་འཕེལ་དང་ལཉྫ་དང་ཝརྟུའི་ཡིག་རྟགས་ཀྱི་གལ་ཆེའི་རང་བཞིན།liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་བྱ་བ་འདི་རྒྱལ་ནང་དུ་དུས་རབས་སྔོན་མའི་ལོ་རབས80པའི་དུས་མཇུག་ནས་བཟུང་། བོད་ཡིག་གི་མཉེན་ཆས་གསར་སྤེལ་བྱེད་པའི་ཞིབ་འཇུག་ལས་ཁུངས་དང་། སློབ་གྲྭ་སྔ་རྗེས་སུ་བྱུང་ནས་རྩིས་འཁོར་གྱིས་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་བྱེད་པའི་ཕྱོགས་ཀྱི་ཞིབ་འཇུག་གི་བྱ་བའི་མགོ་ཚུགས་ཤིང་། གྲུབ་འབྲས་ཀྱང་མི་དམན་པ་བླངས། ཐོག་མར་སྦྱོར་ཀློག་ངོས་ནས་བོད་ཡིག་ལ་ཨང་ཡིག ( 编码) ཕབ་མཁན་ནི་དབྱིན་ཇིའི་ཚད་གཞི་ཅུས་ཡིན། ཁོ་ཚོས1988ལོར། བོད་ཡིག་ལ་ཨང་ཡིག63བྱིན་ནསISO/DP1064ཡི་བོད་ཡིག་གི་གྲོས་ཡིག་ཅེས་པ་རྒྱལ་སྤྱིའི་ཚད་གཞི་ཅུས་ལ་མཁོ་སྤྲོད་བྱས་ཤིང་། ཨང་ཡིག་དེ་འཛམ་གླིང་གི་སྐད་དང་ཡིག་རིགས་སྣ་ཚོགས་ཀྱིས་གྲུབ་པའིUCSཡིBMPངོས་ཀྱིAཁུལ་འཇོག་གྲབས་བྱས་ཀྱང་རྐྱེན་སྣ་ཚོགས་ཀྱིས་བྱ་བ་དེ་ལེགས་གྲུབ་མ་བྱུང་བ་རེད།ནུབ་ཕྱོགས་རྒྱལ་ཁབ་དག་གི་ཞིབ་འཇུག་དང་འགྲན་རྩོལ་གྱི་སྒུལ་ཤུགས་འོག །1993ལོར་རྒྱལ་ཁབ་ལག་རྩལ་ལྟ་སྐུལ་ཅུས་དང་། གློག་རྡུལ་བཟོ་ལས་པུའུ། རྒྱལ་ཁབ་མི་རིགས་དོན་གཅོད་ཁང་བཅས་ཀྱིས་བོད་ཡིག་ཨང་ཡིག་ཚད་གཞི་ཅན་ཞིབ་འཇུག་དང་གསར་བཟོ་བྱེད་པའི་འགན་ཕྲག་ཏུ་བླངས་སྟེ། 1994ལོའི་ཟླ5པར་བོད་ཡིག་ཨང་ཡིག་གི་ཐེངས་ཐོག་མའི་གྲོས་གཞི། བོད་ཡིག་གི་ཡི་གེ500འདུས་པའི་བོད་ཡིག་གི་ཡིག་རྟགས་འབྲིང་ཚོགས།ཐུར་ཁེ(Tyrkey)ན་ཚོགས་པའི་རྒྱལ་སྤྱིའི་ཚད་གཞི་ཚོགས་པའི་རྩ་འཛུགསWG2ཐེངས25པའི་ཚོགས་འདུ་ལ་མཁོ་འདོན་བྱས་མོད། སྐབས་དེརBMPཡི་ལྷག་ལུས་ཀྱི་གནས་སྟོང་པར་ཚད་བཀག་ཡོད་པ་དང་། རྒྱལ་སྤྱིའི་ཚད་གཞི་ཚོགས་པསISOབོད་ཡིག་སྦྱོར་ཀློག་གི་ཡི་གེ་ཡིན་པའི་གྲོས་གཞི་བཏོན་པར་མ་ཟད། བོད་ཡིག་ངེས་པར་སྦྱོར་ཀློག་ངོས་ཀྱིAཁུལ་ལ་འཇོག་དགོས་པའི་བསམ་འཆར་བཏོན་མོད། ཐེངས་དེར་འདོན་སྤྲོད་བྱས་པའི་བོད་ཡིག་ཡིག་རྟགས་འབྲིང་ཚོགས་ཀྱི་གྲོས་ཡིག་ཁས་མ་བླངས།
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden དེ་བས། བོད་ཡིག་ཨང་ཡིག་གི་སྒྲིག་འཛུགས་ཚོགས་པའི་ལས་ཀ་དེ། བོད་རང་སྐྱོང་ལྗོངས་སྐད་ཡིག་དོན་གཅོད་ཁང་གི་སྣེ་ཁྲིད་འོག་བོད་ཡིག་གི་གྲུབ་ཚུལ་དང་། སྦྱོར་ཀློག་གི་ཁྱད་ཆོས་ལ་ཞིབ་འཇུག་བྱེད་པའི་བྱ་བའི་མགོ་ཚུགས་ཤིང་། 1994ལོའི་ཟླ10པ་ནས་བོད་ཡིག་གི་སྦྱོར་ཀློག་གི་གྲུབ་ཚུལ་གྱི་ཁྱད་ཆོས་ལ་འཆར་ཟིན་བཀོད་ནས།སྔ་རྗེས་སུ་བོད་ཡིག་ཨང་ཡིག་ཀྲུང་གོའི་གྲོས་གཞི་ཞེས་པ་རྒྱལ་སྤྱིའི་ཚད་གཞི་ཚོགས་འདུWG2ཐེངས26པ་དང་། ཐེངས27པ།ཐེངས28པ། ཐེངས30པའི་སྟེང་འདོན་སྤྲོད་བྱས་ཤིང་།རྒྱལ་སྤྱིའི་ཆེད་ལས་མཁས་པ་མང་པོ་དང་བོད་ཡིག་ཨང་ཡིག་སྒྲིག་འཛུགས་ཚོགས་པས་རྩོད་གླེང་དང་ཞིབ་བཤེར་བརྒྱུད། 1997ལོའི་ཟླ6པའི་ཚེས30ཉིན་ནས་ཟླ7པའི་ཚེས4ཉིན་བར་གྷི་རིག་ནས་འཚོགས་པའི་རྒྱལ་སྤྱིའི་ཚོགས་འདུWG2ཐེངས33པའི་སྟེང་དངོས་སུ་ཁྲོམ་བསྒྲགས་བྱས་ཏེ།བོད་ཡིག་རྒྱལ་སྤྱིའི་ཚད་གཞིའི་རྩ་འཛུགསISO/IEC10646/ཀྱིས《རྒྱུན་བཀོལ་གནས་བརྒྱད་ལས་མང་བའི་ཨང་ཡིག་ཡིག་རྟགས་ཚོགས》གཏན་འབེབས་བྱས་ལ། (《通用多八位编码字符集》 ) དུས་དེ་ནས་བཟུང་། བོད་ཡིག་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་ཁྲོད་ཐོག་མར་རྒྱལ་སྤྱིའི་ཚད་གཞིའི་ཨང་ཡིག་གི་གྲས་སུ་ཚུད་ཅིང་། ཕྱིས་ཀྱི་བོད་ཡིག་གི་རྒྱལ་ཁབ་ཚད་གཞིའི་ཨང་ཡིག་གིས་རྒྱལ་སྤྱིའི་ཚད་གཞི་ལ་ཟུར་བལྟ་བྱས་སྟེ། 1998 ལོར་དངོས་སུ་བཀོལ་སྤྱོད་བྱེད་རྒྱུ་ཁྲོམ་བསྒྲགས་བྱས། འོན་ཀྱང་། ཆ་འཕྲིན་ལག་རྩལ་མངོན་འགྱུར་བྱེད་བཞིན་པའི་བོད་ཡིག་གི་མཉེན་ཆས་མང་ཆེ་བར་རྒྱལ་སྤྱིའི་ཚད་གཞིའི་གཞི་རྩའི་ཨང་ཡིག་བཀོལ་གྱིན་མེད་པའི་གནས་ཚུལ་དངོས་ལ་གཞིགས་ནས། 2002ལོར། རྒྱལ་ཁབ་མི་རིགས་དོན་གཅོད་ཁང་དང་། ཆ་འཕྲིན་ཐོན་ལས་པུའུ། སློབ་གསོའི་པུའུ། ཚན་རྩལ་པུའུ།རྒྱལ་ཁབ་ཚད་གཞིའི་བདག་དམ་ཨུ་ཡོན་ལྷན་ཁང་ལ་སོགས་པའི་ལས་ཁུངས་ཀྱི་འགོ་ཁྲིད་དང་ཆེད་ལས་མཁས་པས་གྲུབ་པའི་གྲངས་ཉུང་མི་རིགས་ཀྱི་མཉེན་ཆས་ལ་རྩད་གཅོད་ཞིབ་འཇུག་བྱས་པའི་འབྲས་བུ་ལས་བསྟན་དོན། ཀྲུང་གོའི་བོད་ཡིག་ཆ་འཕྲིན་འཛུགས་སྐྲུན་གསར་དུ་མགོ་ཚུགས་བཞིན་པའི་སྒང་ཡིན་ལ། ལག་རྩལ་གྱི་ཆུ་ཚད་དམའ་ཞིང་། ཞིབ་འཇུག་ལས་ཁུངས་དག་ལ་ཐུན་མོང་གི་གྲོས་ཡིག་མེད་པར་ར་བྲག་ནང་དང་ལུག་སྤང་ཐང་གི་ཚུལ་དུ་གནས་པས་ལག་རྩལ་ཐད་བསྐྱར་ཟློས་དང་རྒྱལ་སྤྱིའི་ཆུ་ཚད་བར་བར་སྟོང་ཆེན་པོ་གནས་ཡོད་པ་རེད། དེའི་ཕྱིར། 2002ལོའི་ལོ་མཇུག་ཏུ། བོད་ཡིག་གི་ཏ་ཏིན་ཡིག་རྟགས་ཚོགས་ཞེས་པའི་གྲོས་གཞི་ཤིག་རྒྱལ་སྤྱིའི་ཚད་གཞི་ཚོགས་པར་བྱིན་མོད། འོན་ཀྱང་། ཞིབ་འཇུག་གི་རྣམ་གྲངས་དེ་ཁོ་ཚོས་ཁས་མ་བླངས་པ་རེད།ཡིན་ན་ཡང་། 2006ལོར་བོད་ཡིག་གི་ཏ་ཏིན་ཡིག་རྟགས་རྒྱལ་ཁབ་རིམ་པའི་ཚད་གཞིའི་ལས་ཀའི་རྣམ་གྲངསGB/T20542-2006《ཆ་འཕྲིན་ལག་རྩལ། བོད་ཡིག་ཨང་ཡིག་ཡིག་རྟགས་ཚོགས། ཆེར་སྐྱེད་ཚོགས་པA》 (《 信息技术 藏文编码扩充集A》)དང་། GB/T×××××-×××××《ཆ་འཕྲིན་ལག་རྩལ། བོད་ཡིག་ཨང་ཡིག་ཡིག་རྟགས་ཚོགས། ཆེར་སྐྱེད་ཚོགས་པB》གཉིས་ཀྱི་ཞིབ་འཇུག་རྣམ་གྲངས་དངོས་སུ་མགོ་ཚུགས་ཤིང་། དེ་ལས་ཆེར་སྐྱེད་ཚོགས་པA། 2007ལོའི་ཟླ3པར་དངོས་སུ་ཁྲོམ་བསྒྲགས་བྱས་ཤིང་། དེ་ནི་དེང་རབས་བོད་ཡིག་དང་བོད་འགྱུར་ལེགས་སྦྱར་ཡི་གེ་གཉིས་སུ་གནས་པའི་གཞུང་ལྟར་བརྩེགས་པའི་ཡིག་རྟགས1536གིས་གྲུབ་པའི་རྒྱལ་ཁབ་རིམ་པའི་ཚད་གཞིའི་བོད་ཡིག་ཡིག་རྟགས་ཡིན་པ་གཏན་ཁེལ་བྱས།
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden བོད་ཡིག་ཆ་འཕྲིན་ལག་རྩལ་གྱིས་ཕྱོགས་ཡོངས་ནས་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་དགོས་མཁོ་སྐོང་དགོས་ཚེ།ད་དུང་བོད་ཡིག་གི་རྨང་གཞིའི་ལས་ཀ་མང་པོ་ཞིག་ལུས་ཡོད་པར་མ་ཟད། དམིགས་བསལ་གྱི་སྔགས་ཡིག་མང་པོ་ཅིག་ནང་འཇུག་བྱེད་མི་ཐུབ་ལ། དེ་ལས་ཀྱང་ལེགས་སྦྱར་གྱི་ལཉྫ་དང་ཝརྟུའི་ཡི་གེ་འདི་བོད་ཡིག་གི་གཟུགས་ཀྱི་མ་ཡིག་ལྟ་བུར་ངོས་འཛིན་པས་ན། དེ་དག་བོད་ཡིག་གི་བརྡ་སྤྲོད་ཞིབ་འཇུག་དང་གནའ་དཔེ། དེང་གི་པར་སྐྲུན་ལས་རིགས་སོགས་སུ་མེད་དུ་མི་རུང་ལ། ལཉྫ་དང་ཝརྟུའི་ཡི་གེའི་གཟུགས་ལའང་བོད་ཡིག་ཨང་ཚབ་ཀྱི་ཨང་གནས( 码位 )གཡར་ཏེ། བོད་ཡིག་གི་ཡིག་གཟུགས་ཀྱི་ཡན་ལག་ཅིག་གི་ཚུལ་ཏུ་ཆ་འཕྲིན་ལས་ཀའི་གྲས་སུ་འཇོག་ཐུབ་ཚེ། ད་གཟོད་བོད་ཡིག་ཆ་འཕྲིན་ལས་ཀ་དེ་དངོས་ནས་འཐུས་ཚང་དུ་ཕྱིན་པའང་ཡིན།
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Gardenགཉིས་པ། བོད་ཡིག་དང་ལེགས་སྦྱར་གྱི་གཞི་རྩའི་ཡིག་རྟགས་གཏན་ལ་ཕབ་ཚུལ་དང་ཆ་འཕྲིན་དུ་ཇི་ལྟར་གྲུབ་ཚུལ།liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden སྤྱིར་བོད་ཡིག་འདི་ལེགས་སྦྱར་གྱི་ཡི་གེར་དཔེ་བླངས་ནས་བོད་ཀྱི་སྐད་དང་མཐུན་པའི་ཡི་གེ་གསར་དུ་བཟོས་པ་ཡིན་པས། ཆ་འཕྲིན་ལག་རྩལ་ལ་མཁོ་བའི་བོད་ཡིག་གི་ཨང་ཡིག་གཏན་ལ་ཕབ་སྐབས། ལེགས་སྦྱར་གྱི་ཡི་གེའང་བོད་ཡིག་གི་ཡིག་རྟགས་གྲས་སུ་བཞག་ཡོད་དེ། དཔེར་ན། བོད་ཡིག་གི་གསལ་བྱེད་ལ་གསལ་བྱེད་ཀྱི་ཡི་གེ30དང་། གཞན་ལེགས་སྦྱར་ལས་མཐུག་པོའི་ཡི་གེ5དང་། ལོག་པའི་ཡི་གེ5།ཧ་ཡིག་བསྣན་ན་ལེགས་སྦྱར་གྱི་ཡིག་རྟགས11དང་། བསྡོམས་82ན་བོད་ཡིག་ལ་གཞི་རྩའི་ཡིག་རྟགས41གིས་གྲུབ་ཡོད། གཞན་མགོ་འདོགས་སམ་ཡི་གེའི་སྡེབ་སྒྲིག་ལ་མཁོ་བའི་རྐྱེན་གྱི་ཡིག་རྟགས་དང་། བོད་ཡིག་གི་ཐུན་མོང་མ་ཡིན་པའི་རིག་གནས་ཡིག་རྟགས་བཅས་ཀྱིས་གྲུབ་ཡོད།རྒྱལ་སྤྱིའི་ཚད་གཞིའི་རྩ་འཛུགས་ཚོགས་པས་ཀྱང་བོད་ཡིག་སྦྱོར་ཀློག་གི་ཁྱད་ཆོས་གཞིར་བཟུང་ནས་བོད་ཡིག་ལ་ཨང་ཡིག་གནས195དང་། ད་དུང་གནས་སྟོང་པ15བྱིན་ནས་གཏན་ཁེལ་བགྱིས་ཡོད་ལ། དེ་དག་ཡི་གེའི་ཡིག་རྟགས41དང་། མགོ་འདོགས་འཕུལ་རྟེན་ནམ་སྡེབ་སྒྲིག་ལ་མཁོ་བའི་ཡིག་རྟགས70དང་།(组合用符号 ) ཨང་ཀིའི་ཡིག་རྟགས20དང་།(数码符号) ཚིག་རྟགས་ཀྱི་ཡིག་རྟགས(标准点符号)26དང་། རིག་གནས་ཨང་རྟགས11( 文化符号 )བཅས་ཀྱིས་གྲུབ་ཡོད།
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden འདི་བོད་ཡིག་གི་གཞི་རྩའི་ཚོགས་པའི་ཨང་ཡིག་གམ་སྦྱོར་ཀློག་གི་ངོས་ནས་བཞག་པས་བོད་ཡིག་གི་ཨང་ཡིག་ཡིན་པར་མ་ཟད། རྒྱལ་ཁབ་དང་རྒྱལ་སྤྱིའི་ཚད་གཞིའི་ཨང་ཡིག་ཀྱང་ཡིན། ཡིན་ན་ཡང་། བོད་ཁམས་སུ་རྒྱུགས་ཆེ་ཞིང་སྤྱོད་མི་མང་བའི་བོད་ཡིག་གི་མཉེན་ཆས་ཧྥང་ཀྲིན(方正 )དང་། ཧྭ་ཀོང( 华光 )སོགས་བོད་ཡིག་ཆ་འཕྲིན་ཐག་གཅོད་པའི་རྒྱུད་ཁུངས་དག་གཞི་རྩའི་ཨང་ཡིག་དང་ཏ་ཏིན་ཡིག་རྟགས་གཉིས་ཀའི་ལམ་ནས་མངོན་འགྱུར་བྱས་པར་མ་ཟད། དེ་དག་གི་ཡིག་རྟགས་ནི་རྒྱ་ནག་གི་ཡི་གེའིGBKགྲངས་གནས(GBK 码位)ཐད་ཀར་བསུབ་པའམ་ཉུང་ཙམ་བསུབ་པ་སོགས་ཀྱིས་ཚུལ་ནས་གྲུབ་པ་ཡིན། དེ་བས་སྐབས་འགར “རྙོག་གྲངས” མང་པོ་ཞིག་འཆར་ཡོང་བ་ནི་དོན་མེད་མིན་པར་མ་གཞི་དེ་ནི་བཀོལ་སྤྱོད་ཉུང་བའི་རྒྱ་ནག་གི་ཡི་གེའི་ཨང་རྟགས་དངོས་བཀོལ་བ་རེད། འོན་ཀྱང་ནང་རྒྱལ་གྱི་རྒྱ་ཡིག་བཀོད་སྤྱོད་རྒྱུད་ཁུངས་ལ་མཚོན་ན། ཡིག་མཛོད་དེ་དག་པར་སྐྲུན་དང་རྒྱུད་ཁུངས་གཟུགས་འཆར་སོགས་ཀྱི་ཐད་དུ་སྐབས་འགར་དགོས་མཁོ་ཡང་ཡོད་སྲིད་དེ། དཔེར་ན་ཆིན་ཧཱ་བུན་ཐང་ཀུང་སུའི(清华文通公司)བོད་ཡིག་གི་པར་གཞི་ངོས་འཛིན་མ་ལག ( 藏文扫描识别 )རྒྱུད་ཁུངས་ལྟ་བུ་རེད། དེ་ལ་དོན་ཡོད་ཡིག་མཛོད་ཀྱིས་རམ་འདེགས་མ་གཏོགས་མེད་པས་རེད། དེའི་ཕྱིར། ད་ཡོད་ཀྱི་གནས་ཚུལ་དངོས་དང་བསྟུན་ཆེད་རྒྱལ་སྤྱིའི་ཚད་གཞི་དང་རྒྱལ་ཁབ་ཚད་གཞི་ལསའདསཔས GB/T20542- 2006《ཆ་འཕྲིན་ལག་རྩལ། བོད་ཡིག་ཨང་ཡིག་ཡིག་རྟགས་ཚོགས། ཆེར་སྐྱེད་ཚོགས་པA》དང《ཆེར་སྐྱེད་ཚོགས་པB》ཞེས་པའི་རྒྱལ་ཁབ་ཀྱི་ཚད་གཞི་གསར་བ་ཁྲོམ་བསྒྲགས་བྱེད་མགོ་ཚུགས་པ་རེད།
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden སྤྱིར་ཚད་གཞི་གསར་བ་འདི་གཉིས་ལ་ཡིག་རྟགས་ཀྱི་གནས་མང་ཞིང་། འགུལ་རྣམ་བོད་ཡིག་ཨང་ཡིག་ལ་གནས་འདི་འདྲ་མང་པོ་མི་དགོས་པས།གལ་སྲིད་སྔགས་ཡིག་གམ་ལེགས་སྦྱར་གྱི་ཡི་གེ་དག་ལ་བསྐྱུར་པའི་གནས་སྟོང་བ་འདི་དག་གི་གྲས་སུ་ལཉྫདང་ཝརྟུའི་ཡིག་མཛོད་ཀྱང་འཇོག་ཐུབ་ན། ཕྱོགས་ཡོངས་ནས་བོད་ཡིག་ཞིབ་འཇུག་ལ་ཤིན་ཏུ་སྨན་ཏེ། སོག་ཡིག་གི་ཆ་འཕྲིན་སྒྲིག་གཅོད་ལྟ་བུར་མཚོན་ན། སོག་ཡིག་དང་འབྲེལ་བ་ཡོད་པའི་མན་ཇུ་དང་འགྲོ་མགོན་འཕགས་པའི་ཡི་གེ་སོགས་ཀྱི་བཀོལ་སྤྱོད་རྒྱུད་ཁུངས་ཡོད་པ་ནང་བཞིན་རེད།ལཉྫའི་ཡི་གེ་འདི་ཉིད་བོད་ནང་དུ་ཤིང་པར་དང་འདུ་ཁང་སོགས་གང་ས་གང་ནའང་ས་ཁྱབ་རྡོ་ཁྱབ་དུ་ཕྱིན་ཡོད་མོད། པོ་ཏཱ་ལ་རུ་བརྩིགས་ཡོད་པའི་ཏཱ་ལའི་ལོ་མར་བྲིས་པའི་རྒྱ་དཔེ་དག་ཏུ། ལཉྫའི་ཡི་གེ་ནི་གཙོ་བོར་གྱུར་མེད་ལ་མཐོང་རྒྱུ་ཡང་དཀོན་པོར་འདུག་སྟེ། མཐོང་རྒྱུ་ཡོད་པ་དག་ཀྱང་ཕྱི་ནས་བཟོ་གྲུབ་བྱུང་བ་སོགས་ཀྱི་དོགས་གཞི་མང་པོ་འདུག་སྟེེ།པོ་ཏ་ལའི་ཏཱ་ལའི་ལོ་མ་དེ་དག་ཏུ་བྲིས་པའི་ཡིག་གཟུགས་དག་ནི་ཝརྟུ་དང་། དྷ་རི་ཀ ནཱགརཱི། གུཔྟའི་ཡི་གེ་སོགས་ཡིན་པ་ལས་ལཉྫ་རང་མིན་ལ། ས་སྐྱ་དགོན་དང་ཞ་ལུ་དགོན། བསམ་ཡས་དགོན་སོགས་བོད་ཀྱི་དགོན་སྡེ་རྙིང་བ་ཁག་གི་གཙུག་ལག་ཁང་གི་ངོས་སུ་བྲིས་ཡོད་པ་དག་ཀྱང་ཕྱིས་ནས་བྲིས་པ་མངོན་གསལ་རེད།
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden དེར་མ་ཟད། རྒྱ་ནག་དང་འཇར་པན། འཇར་མན་སོགས་སུའང་ལཉྫའི་ཡི་གེ་ཟེར་བ་ཞིག་གཞི་ནས་མེད་པར་མ་ཟད། ཁོ་ཚོས་ལེགས་སྦྱར་ཡི་གེ་ནི་དེ་བ་ནཱ་ག་རཱིའམ་སིདྡྷན་གྱི་ཡི་གེ་ལ་ངོས་འཛིན་གྱིན་མཆིས། དེ་ལས་ཀྱང་བལ་བོ་དང་རྒྱ་གར་རང་གི་ཡུལ་དུ་ནི་ལཉྫའི་ཡི་གེའི་ཤུལ་ཙམ་ཡང་རྙེད་པར་མ་སོང་ལ། ཤོང་དཔང་སོགས་ཀྱིས་མཐུག་ཅིང་སྦོམ་པའི་ལཉྫའི་ཡི་གེ་འདི་དག་ནི་རྒྱ་གར་གྱི་ཡི་གེའི་གཟུགས་དངོས་སུ་བགྲང་བར་ཡོད་མོད། དེ་དག་ནི་ལེགས་སྦྱར་གྱི་ཡི་གེ་དངོས་ཡིན་ཟེར་བ་ལས། རྒྱལ་བའི་བཀའ་སོགས་འགོད་ཆས་ཀྱི་ལེགས་སྦྱར་གྱི་ཡི་གེའི་ཚབ་ཅིག་རེད་ཅེས་བརྗོད་ཀྱང་ཆོག་པར་འདོད། ཅིའི་ཕྱིར་ཞེ་ན། ད་བར་དུ་སུས་ཀྱང་ལཉྫ་ནས་བྲིས་ཡོད་པའི་ཏཱ་ལའི་ལོ་མའི་རྒྱ་དཔེ་རྙིང་བ་ངོ་མ་ཞིིག་མཐོང་མ་མྱིང་ལ། གལ་ཏེ་བྱུང་ནའང་ཐན14 ( 碳十四 ) སོགས་ཀྱི་ཐབས་ལ་བརྟེན་ནས་དབྱེ་ཞིབ་བྱེད་དགོས་པ་ལས་ངེས་བརྟན་མེད་པར་སྣང་། དེ་ནི། དཔེར་ན་ཞ་ལུ་ལོ་ཆེན་གྱིས་ཐོན་མིས་ལཉྫར་དཔེར་བླངས་ནས་དབུ་ཅན་བཟོས་ཟེར་བ་ཀུན་གྱིས་ལད་ཟློས་བགྱིས་པ་དེ་བཞིན་རེད། སྤྱིར་ན་ལེགས་སྦྱར་ཡི་གེ་ནི་ལཉྫ་གཅིག་པར་གོ་བས་མི་ཆོག་ལ། ལཉྫ་ཟེར་བའི་ཡིག་གཟུགས་འདིའང་ད་ལྟའི་ལཉྫའི་ཡིག་གཟུགས་འདི་ཡིན་པས་མ་ཁྱབ་སྟེ།ད་ལྟའི་བོད་ཡིག་གི་དབུ་ཅན་ནི་མཐུག་ཀྱང་སྦོམ་པའི་ལཉྫ་དག་ལ་དཔེར་བླངས་ཟེར་བ་ལས། ཕྲ་ཞིང་གསལ་ཁ་ཆེ་བའི་ནཱ་ག་རཱི་དང་གུཔྟའི་ཡི་གེ་སོགས་ལ་དཔེར་བླངས་པ་ཡིན་ཅེས་བརྗོད་ན་ཅུང་ཙམ་འགྲིག་སྙམ།
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden དེ་བས། ད་ལྟའི་བོད་དུ་དར་བཞིན་པའི་ལཉྫའི་ཡི་གེའི་གཟུགས་འདི་དག་ནི་གནའ་བོའི་རྒྱ་གར་གྱི་ཡི་གེ་གཅིག་ལ་གཞི་བྱས་ནས་བཟོས་པ་ཡིན་མོད། དེ་ནི་བོད་པ་རང་གི་ཡི་གེའི་གཟུགས་ཀྱི་ཁོངས་སུ་གཏོགས་པའི་ཡན་ལག་གི་ཡིག་གཟུགས་ཞིག་རེད་ཞེས་བརྗོད་ན་འོས་པར་འདོད་དོ། །
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Gardenགསུམ་པ། ལཉྫ་དང་ཝརྟུའི་ཡིག་རྟགས་དང་ཨང་ཡིག་གཏན་ལ་ཕབ་ཚུལ།liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden སྤྱིར་ལེགས་སྦྱར་གྱི་ཡི་གེར་གྲངས་ཀྱི་ངོས་ནས་དབྱངས་བཅུ་དྲུག་དང་གསལ་བྱེད་སོ་བཞིའི་བདག་ཉིད་ཅན་ཏེ། རྒྱ་ཡིག་ལྔ་བཅུ་ཐམ་པ་ལས། །བོད་ཡིག་སུམ་ཅུར་གཏན་ལ་ཕབ། །ཅེས་དང་། བོད་ཡིག་དང་མི་འདྲ་ས་ནི་ཡི་གེའི་གཟུགས་དུ་མ་འདུས་ན་གཟུགས་གཞན་ཞིག་ཏུ་འགྱུར་འགྲོ་བ་སྟེ། དཔེར་ན། ༄༅༎ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ལྟ་བུ་ལ་མཚོན་ན་མ- ལ་ན་རོ་བཏགས་ཚེ་མོ-རུ་འགྱུར་འགྲོ་ལ། ན་རོ་དེ་རྨང་གཞིའི་སྟེང་ན་མེད་ལ་གཡས་ཕྱོགས་སུ་འབྱར་ནས་གྲུབ་པ་ཞིག་སྟེ། ཡང་དཔེར་ན་ཉྫུ་ལྟ་བུ་ལ་མཚོན་ན་ཉ་དང་ཛུ་གཉིས་སྡེབ་ཚེ་དབུ་གཅིག་ཏུ་གྱུར་པ་དང་། བོད་ཡིག་ཏུ་དེ་གཉིས་བརྩེགས་རུང་གཟུགས་ཇེ་ཆུང་དུ་སོང་བ་མ་གཏོགས་གཞན་དུ་འགྱུར་རྒྱུ་ཆེ་མེད་པ་ལྟ་བུ་དང་། བོད་ཡིག་ལའང་ར་མགོ་དང་ཡ་བཏགས། ར་བཏགས། ཝ་བཏགས་སོགས་ལ་གཟུགས་ཅུང་ཟད་འགྱུར་རྒྱུ་ཡོད་པ་རེད། དགེ་ཆོས་ཀྱི་བོད་ཡིག་གི་སྒྲ་སྦྱོར་སྐོར་ཞེས་པ་རུའང་འདིའི་རྐྱེན་དང་རྣམ་དབྱེ་མཚམས་སྦྱོར་སོགས་གང་ལ་བལྟས་ཀྱང་། འདི་རྒྱ་ནག་དང་བོད་སོགས་ཀྱི་སྐད་བཞིན་དུ་འཇིག་རྟེན་ལ་ངང་གིས་བྱུང་བའི་སྐད་ཅིག་མ་ཡིན་པར་པཎྜིིཏ་རྣམས་ཀྱིས་ཡུན་རིང་པོར་འབད་དེ་ཆེད་གཉེར་གྱིས་བཅོས་པ་གདོན་མི་ཟའོ་སྙམ་པ་འདི་འགོག་མི་ནུས་པ་ཞིག་འདུག་ཅེས་དང་། ལེགས་སྦྱར་ལ་ནི་ཨཧཾགཙྪམི་སགཙྪཏི། ཏྭཾགཙྪ་སི་སོགས་སྐྱེས་བུ་རེ་རེ་མི་འདྲ་ཡང་། སྐྱེས་བུའི་ནང་གསེས་གཅིག་ལ་ཏི། གཉིས་ལ་ཏཿམང་པོ་ལ་ཨབྷི་སོགས་མི་འདྲ་བ་ཁ་རྐྱང་སྦྱོར། ཞེས་གང་ཟག་གི་གཅིག་ཚིག་དང་གཉིས་ཚིག མིང་ཚིག་སོགས་སྟོན་ནའང་ཡི་གེའི་གཟུགས་འགྱུར་ཞིང་། ཡི་གེའི་གྲངས་ལ་ཚོད་འཛིན་མེད་པ་ལྟ་བུར་སྣང་བས། ད་ཕན་བར་ཡི་གེའི་གྲངས་འདི་ཙམ་ཡོད་ཞེས་སུས་ཀྱང་ཁ་ཚོན་བཅད་མ་མྱོང་། དེས་ན་ཆ་འཕྲིན་དུ་ཡི་གེ་དེ་དག་ཇི་ལྟར་བཟོ་ཞེ་ན།ཐོག་མར་ང་ཚོས་སྔར་བཀོད་སྡེབ་སྒྲིག( 欲组合 )གི་ལམ་ནས་ཡིག་མཛོད་བཟོས་ཆོག་ལ། དེ་ལ་ཨང་གནས་མང་པོ་ཞིག་དགོས་ཤིང་། རྒྱལ་ནང་དུ་ཡིག་མཛོད་མང་པོ་ཞིག་སྔར་བཀོད་སྡེབ་སྒྲིག་གི་ཡིག་མཛོད་ཀྱི་ལམ་ནས་བཟོས་ཡོད། ད་ལྟ་སློང་བཞིན་པའི་ཆེར་སྐྱེད་ཚོགས་པB ནི་བོད་ཡིག་ཆ་འཕྲིན་ཀྱི་ཁུངས་དྲགས་ཅན་གྱི་བསྡོམས་རྩིས་གྲངས་ཀ་ཡིན་མོད། དེ་ཡང་སྔར་བཀོད་སྡེབ་སྒྲིག་གི་ལམ་ནས་གྲུབ་ཡོད།(ཆེར་སྐྱེད་ཚོགས་པBལའང་ཁུངས་ལྡན་མིན་གསལ་ཁ་ཆེར་མེད་དེ། དེ་ནི་གཙོ་བོ་ལས་གཞི་གཅིག་གི་དོན་དུ་སྒྲུབ་པའི་ཡི་གེ་སྡོམ་རྩིས་ཟེར་བ་དེར་གཞི་ནས་བློ་གཏད་མི་འདུག་པ་དཔེར་ན་ད་ལྟའི་གཞི་ཚོགས་ཀྱི་ཡིག་མཛོད་དེ་དག་ལྟ་བུ་རེད།)དེས་ན་སྔར་བཀོད་སྡེབ་སྒྲིག་གི་ཡིག་མཛོད་བཟོ་ཐབས་སུ། ཐོག་མར་ང་ཚོསAIII དང Photoshopལྟ་བུའི་མཉེན་ཆས་སོགས་ལ་གོམས་དགོས་ཤིང་། དེས་གཙོ་བོ་ཡི་གེའི་གཟུགས་ཀྱི་ཆེ་ཆུང་དང་མཱ་སེ་ཁཱ( 马赛克 )གནད་དོན་དེ་རྩ་བ་ནས་ཐག་གཅོད་བྱ་རྒྱུ་དང་དེ་ནས་འཁྱོག་སྐུད་རྣམ་པ་ཐག་གཅོད(曲线化处理)བྱ་རྒྱུ་དེ་གཉིས་རེད། ཡིག་མཛོད་ཀྱི་མ་གཞིའི་པར་གཞི་བཟང་པོ་ཞིག་འདེམ་དགོས་ཏེེ།སྤྱིར་ལཉྫ་དང་ཝརྟུའི་ཡི་གེའི་གཟུགས་ཀྱི་ཁུངས་ལ་བཞེད་ཚུལ་མང་པོ་སྣང་མོད། ཨ་མདོ་དང་བྱེ་བྲག་ཏུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ངག་རྒྱུན་གཞིར་བཟུང་ན། ཨ་མདོ་རུ་དཔང་ལོ་ཙཱ་བ་དང་ལོ་ཆེན་རིན་ཆེན་བཟང་པོ་གཉིས་ཀྱི་ཕྱག་རྒྱུན་དར་ཞིང་། སྐུ་འབུམ་དང་སྡེ་དགེ་གཉིས་ཀྱི་མ་དཔེ་དང་རྩེ་པོ་ཏ་ལའི་ཀླུ་འབུམ་ལྷ་རིས་པའི་ཕྱག་བྲིས། བླ་བྲང་དཔའ་རིས་བསྟན་འཛིན་འཕྲིན་ལས་ཀྱི་ཕྱག་བྲིས། བླ་བྲང་ཞབས་བརྟན་ལྷ་ཁང་གི་མཉམ་མེད་ཇོ་བོ་རྗེའི་ཕྱག་དཔེ་སོགས་ནི་ཁུངས་དེ་ལ་གཏུགས་པའི་མ་ཡིག་གཙོ་བོ་ཡིན་པར་སྣང་ལ།
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden ད་ལྟའི་དམུ་དགེ་ཤེས་རབ་ཚང་དང་བླ་བྲང་ཨ་ཁུ་དཀོན་མཆོག་ཚང་གི་ཕྱག་བྲིས་སོགས་ནི་དཔང་ལོའི་ཕྱག་རྒྱུན་དང་ཅུང་མཐུན་ཞེས་བཞེད་ལ། ལྷ་མོ་ཚུལ་ཁྲིམས་ཚང་གི་ཕྱག་རྒྱུན་དེ་དམུ་དགེ་བསམ་གཏན་ནས་དམུ་དགེ་ཤེས་རབ་ལ་བརྒྱུད་པ་འདི། བླ་བྲང་ཚོགས་ཆེན་འདུ་ཁང་རྙིང་པའི་གདུང་མདུན་ན་ཡོད་པའི་བླ་ཁོ་རིན་པོ་ཆེའི་མཛུབ་ཁྲིད་འོག་བྱུང་བའི་ཡིག་གཟུགས་དག་དང་མཐུན་པར་མ་ཟད། དེ་ནི་ཀུན་མཁྱེན་འཇིགས་མེད་དབང་པོས་ལྷ་ས་ནས་དཔང་ལོའི་ཕྱག་བྲིས་མང་པོ་བླ་བྲང་དུ་གདན་དྲངས་པ་དག་ལས་རིམ་པར་མཆེད་པའི་ཡིག་རྒྱུན་ཡིན་ཟེར། ལཉྫའི་ཐིག་རྩ་ལ་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་གིས་ཡི་གེའི་དཔངས་སུ་ཆ་ཆེན་བདུན་ལས།མགོའི་དཔངས་ལ་ཆ་ཆེན་གཅིག་དང་ཆ་ཆུང་གཅིག །སྐེའི་དཔངས་སུ་ཆ་ཆེན་གཅིག །ལུས་ཀྱི་དཔངས་ནི་གཡས་ངོས་ཀྱི་ཟླུམ་རིལ་མགོ་ཚུགས་པའི་མཚམས་ནས་ཡི་གེའི་གཞུང་རྐང་གི་གཡས་ངོས་ཀྱི་མས་ཟུར་གྱི་སྣེ་ལ་ཐུག་གི་བར་དུ་ཆ་ཆེན་གསུམ་ཡོད་པ་ནི་ལུས་ལ་ཆ་ཆེན་གསུམ། ཞེས་ཡི་གེ་རེ་རེའི་འབྲི་སྟངས་ཡོད་ཀྱང་། དམུ་དགེ་ཤེས་རབ་ཚང་གིས《ཤེས་བྱ་ཀུན་ཁྱབ》དང《གཡའ་སེལ》ལྟ་བུའི་གཞུང་གི་གསུང་རྒྱུན་ལྟར། དཀྱུས་ལ་མགོ་སྐེ་གཉིས་ལ་སྨྱུ་གུའི་ཁ་དོ། ཁོག་པ་ལ་ཁ་གསུམ་སྟེ་དཔངས་སྨྱུག་ཁམ་ལྔ། ལྟ་བུ་དང་། ལྟོ་བའི་དཔངས་དང་ཞེང་ཁྱོན་མཉམ་ལྟ་བུ་སོགས་ཅུང་ཞིབ་མོའི་ངང་ཁུངས་རྣལ་མ་དྲངས་ནས་བྲིས་ཡོད་ལ། དེ་བླ་བྲང་ཨ་ཁུ་དཀོན་མཆོག་ཚང་གི་ཕྱག་བྲིས་དང་མི་མཐུན་ས་ཆེར་མེད། ཅུང་ཟད་མི་འདྲ་ས་ནི་ཀི་ཀུ་རིང་ཆ་ཅན་གྱི་རྩེ་ཕྲ་བ་དང་ཡ་བཏགས་སོགས་སྦྱར་ཚེ་མི་འདྲ་བ་དག་ཡིན་པ་དང་། གཙང་གི་སྐུ་ཞབས་བློ་བཟང་རྡོ་རྗེ་ལགས་ཀྱི་ཀུ་ཀི་རིང་ཆ་ཅན་ནི་དེ་དག་དང་རྩ་བ་ནས་མི་མཐུན་པར་གནས་འདུག །བླ་བྲང་ཚོགས་ཆེན་འདུ་ཁང་རྙིང་བའི་གདུང་ལྕམ་སྟེང་གི་ཀི་ཀུ་རིང་ཆ་ཅན་དེའི་རྩེ་སྦོམ་པ་ལྟ་བུ་ལ་བལྟས་ན། བླ་བྲང་ཨ་ཁུ་དཀོན་མཆོག་ཚང་གི་ཕྱག་བྲིས་ནི་དེ་དང་ཅུང་མི་མཐུན་པ་ལྟ་བུར་སྣང་མོད། མ་གཞི་དེ་དག་སྐུ་འབུམ་གྱི་ལཉྫའི་ཡིག་འཁྱེར་དག་ དང་ཤིན་ཏུ་མཚུངས་པར་བཞེད་དོ། །
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden དེ་ནས་ང་ཚོས་ཡིག་མཛོད་ཀྱི་མ་དཔེ་ཡག་པོ་ཞིག་འདེམས་རྗེས། པར་གཞི་དེ་གོང་གི་མཉེན་ཆས་དག་ནས་བསྐྱར་བཟོ་བྱེད་དགོས་ཞིང་། དེ་ནསFONT LABསོགས་སྤྱད་ནས་ཡིག་མཛོད་དངོས་བཟོ་དགོས་ལ།ཡི་གེ་དེ་དག་བོད་ཡིག་ཡིག་མཛོད་ཀྱི་བོད་འགྱུར་ལེགས་སྦྱར་གྱི་གྲངས་གནས་སུ་ཁ་སྤྲོད་དུ་འཇོག་པརMicrosoft VOLTཞེས་བའི་ཕྲ་མཉེན་ཀུང་སིས་ལག་ཆ་དེ་བཀོལ་ཆོག་ཏེ། བོད་ཡིག་དང་ལཉྫ་སོགས་ཀྱི་ཨང་ཚབ་ཀྱི་རྣམ་པ་ནི་རྒྱ་ཡིག་གི简体字 དང 繁体字བརྗེ་སྤོར་བྱེད་པ་དང་ཆ་མཐུན་ནོ། །
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden དེ་ལྟར་ང་ཚོས་ལཉྫ་དང་ཝརྟུའི་ཡི་གེའི་གཟུགས་མ་ཉམས་པ་ལེགས་སྦྱར་ལྷའི་ཡི་གེ་དངོས་ཀྱི་གཟུགས་ལ་ཞིབ་འཇུག་བྱས་པ་བརྒྱུད་ནས་ཨང་ཡིག་ཏུ་ཕབ་སྟེ་རྒྱལ་ཁབ་རིམ་པའི་བོད་ཡིག་གི་རྒྱལ་སྤྱིའི་ཚད་གཞི《ཆེར་སྐྱེད་ཚོགས་པAདངB》ལྟ་བུའི་གནས་སུ་འཇོག་ཐུབ་ན།Unicode ཀུང་ཟིུས་གཏན་ལ་ཕབ་པའི་བོད་ཡིག་གི་གཞི་རྩའི་ཡི་གེའི་བཅོས་བསྒྱུར་ཐད་དོན་དངོས་ཀྱི་ནུས་པ་འདོན་ཐུབ་ལ། བོད་རིག་པའི་ཤེས་རིག་གི་དབང་ཆ་བདག་འཛིན་ལའང་ཕན་པ་ཆེན་པོ་ཡོད་དེ། བོད་ཀྱི་རིག་གནས་དེང་རབས་
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Gardenཅན་དུ་བགྲོད་པ་ལ་ངེས་པ་དོན་གྱིས་ནུས་པ་འདོན་ཐུབ་བོ། །
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software GardenliQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software GardenliQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden * 本文系 2015 年度国家社会科学西部项目(15XMZ025)《藏传梵文蓝扎体语法文本的搜集、整理与研究》的阶段性成果。
liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden liQབོད་ཡིག་མཉེན་ཆས་གླིང་། 藏文软件园 Tibetan Software Garden注:《藏传梵文蓝札体信息化重要性论述》 才贡加 青海师范大学学报(藏文版 )2016年2期
སྤེལ་མཁན། ཚེ་རིང་དོན་གྲུབ། རྩོམ་འགན། ཚེ་མགོན།
¥
རྒྱབ་སྐྱོར།
འདིའང་བོད་ཡིག་ཆ་འཕྲིན་གྱི་འཐབ་ར་ཞིག་སྟེ།
བཤེར་རིས་ནས་ཞལ་འདེབས་གནང་བ།
打开支付宝扫一扫,即可进行扫码打赏哦
གོངགི་བཤེར་རིས་ནས་འདི་གར་རྒྱབ་སྐྱོར་གནང་བ།